分享按钮

ཁྲེང་ཀོན་ཆུས་རྣམ་པ་གསར་པའི་སྤྱི་པའི་རིག་གནས་བར་མཐོངས་ཀྱིས་ཚ་བོ་ཚ་མོ་སྐྱོང་ཐབས་ཀྱི་སློབ་གསོའི་བྱེད་སྒོ་ཇ་ཁང་དུ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་17ཉིན་གྱི་སྔ་དྲོར།ཚ་བོ་ཚ་མོ་སྐྱོང་ཐབས་ཀྱི་སློབ་གསོ་གཙོ་དོན་དུ་བྱས་པའི་བྱེད་སྒོ་དེ་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་གྱི་ར་མོ་ཆེ་ཇ་ཁང་དུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཁྲེང་ཀོན་ཆུས་རྣམ་པ་གསར་པའི་སྤྱི་པའི་རིག་གནས་བར་མཐོངས་ཀྱིས་སྤེལ་བ་དང་།དེའི་དམིགས་ཡུལ་ནི་ཚ་བོ་ཚ་མོ་སྐྱོང་ཐབས་ཀྱི་བློ་གྲོས་དང་། བྱིས་པས་དཔེ་ཀློག་ལས་བྱུང་བའི་སྤྲོ་སྣང་། སྲོལ་རྒྱུན་རིག་གནས་ཉམས་ལེན་བཅས་མཉམ་འདྲེས་བྱས་པ་བརྒྱུད་དྲོ་སྐྱིད་དང་ཞི་མཐུན་སྤེལ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་རྒྱུ་དེ་རེད།

བྱེད་སྒོ་དེ་ནོར་ནོར་བྱིས་པའི་ཁང་གི་བཀྲ་ཚེ་ཡིས་འགྲེལ་བཤད་བརྒྱབ་པའི“བྱིས་པའི་དཔེ་ཀློག་གི་གལ་ཆེའི་རང་བཞིན”ཁྲོད་འགོ་ཚུགས་པ་རེད། ཁོང་གིས་གོ་སླ་བའི་འགྲེལ་བཤད་བརྒྱབ་པ་དེས་ཁྱིམ་བདག་ཚོར་དཔེ་ཀློག་ནི་བྱིས་པ་འཚར་ལོངས་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱུང་བར་མ་ཟད། ཚན་རིག་དང་མཐུན་པའི་དཔེ་ཀློག་བྱ་ཐབས་ཀྱང་སློབ་ཁྲིད་བྱས་པ་རེད། རི་མོར་འགྲེལ་བཤད་བྱེད་པའི་ལྷུ་ཚིགས་ཁྲོད《ལྕི་བའི་རེ་འདུན》དང《བཀྲེས་ལྟོགས་ཀྱིས་མནར་བའི་འབུ》ཞེས་པའི་བོད་སྐད་ཀྱི་རི་མོའི་གཏམ་རྒྱུད་གཉིས་ལ་དགེ་རྒན་གྱིས་འགྲེལ་བཤད་བྱས་པས།དེ་གར་ཡོད་པའི་ཕྲུ་གུ་ཚོ་དགའ་སྤྲོའི་དབྱིངས་སུ་ཚུད་ནས་ལྟ་ཀློག་ལས་སྤྲོ་བ་དཔག་ཏུ་མེད་པ་སྐྱེས་ཡོད་པ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 6 6 拉萨日报藏文 c186544.html 1 ཁྲེང་ཀོན་ཆུས་རྣམ་པ་གསར་པའི་སྤྱི་པའི་རིག་གནས་བར་མཐོངས་ཀྱིས་ཚ་བོ་ཚ་མོ་སྐྱོང་ཐབས་ཀྱི་སློབ་གསོའི་བྱེད་སྒོ་ཇ་ཁང་དུ་སྤེལ་བ། /enpproperty-->