分享按钮

རང་གྲོང་གི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དགེ་འདུན་པའི་གསོ་སྦྱོང་དང་ནང་ཆོས་འདུལ་ཁྲིམས་འཆད་འགྲེལ་གྱི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་19ཉིན། དུས་ཡུན་ཉིན་བདུན་ཡིན་པའི་རང་གྲོང་གི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དགེ་འདུན་པའི་གསོ་སྦྱོང་དང་ནང་ཆོས་འདུལ་ཁྲིམས་འཆད་འགྲེལ་གྱི་གསོ་སྦྱོང་འཛིན་གྲྭ་འགོ་ཚུཊ་པ་རེད། ཐེངས་འདིའི་གསོ་སྦྱོང་ནང་། གྲོང་ཁྱེར་ཡོངས་ཀྱི་དགོན་སྡེ་ཆེ་གྲས་ཁག་ནས་ཡོང་བའི་དགེ་འདུན་པ་100ལྷག་ཙམ་ཞུཊ་ཡོད།

གསོ་སྦྱོང་འཛིན་གྲྭའི་ཐོག དགེ་འདུན་པ་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ངོ་བོ་སོགས་ལ་གོ་བ་གཏིང་ཟབ་བླངས་ཡོད།

ཐེངས་འདིའི་གསོ་སྦྱོང་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཤིང་། དེའི་དམིགས་ཡུལ་ནི་ནང་ཆོས་དང་འདུལ་ཁྲིམས་ལ་སློབ་སྦྱོང་དང་འགྲེལ་བཤད་རྒྱག་པ་དང་།དགེ་འདུན་པ་ཚོས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་ཡོང་བར་ཁྲིད་སྟོན་བྱེད་པ། རྒྱལ་ཁབ་ལ་མོས་སེམས་དང་ཁོངས་གཏོགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དེ་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྦྱོང་ཁྲོད་དུ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་བརྒྱུད་ཁྲིད་བྱེད་པ་དང་ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། ཆེད་དོན་འཆད་ཁྲིད་ཀྱིས་དབྱེ་ཞིབ་གཏིང་ཟབ་བྱེད་པ། མཉམ་འགུལ་སྤེལ་རེས་ཀྱིས་བསམ་གཞིག་བྱེད་པ་སོཊ་ཀྱི་ནང་དོན་ཕུན་སུམ་ཚོཊ་པོ་ཡོད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 6 6 拉萨日报藏文 c186543.html 1 རང་གྲོང་གི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དགེ་འདུན་པའི་གསོ་སྦྱོང་དང་ནང་ཆོས་འདུལ་ཁྲིམས་འཆད་འགྲེལ་གྱི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ། /enpproperty-->