分享按钮

(པར་ངོས་དང་པོར་མཐུད)བདེ་འཇགས་ལེགས་པ་བཅས་ཀྱི་ལས་ཀའི་རྩ་དོན་གཞིར་བཟུང་ནས་སྐབས་འདིའི་འགྲན་བསྡུར་གཉེར་བའི་སྤུས་ཚད་དང་།ཤུགས་རྐྱེན། ཆུ་ཚད་བཅས་མཐོན་པོ་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཆང་གིས་ཇུས་གཞི་ཞིབ་ཕྲ་བཟོ་དགོས། དེ་ཡང་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀ་རེ་རེ་དང་།བརྒྱུད་རིམ་རེ་རེ།ལྷུ་ཚིགས་རེ་རེ་བཅས་ཁོང་དུ་ཆུད་པ་དང་། སྦྲེལ་ཐག་ཧྲིལ་པོར་དོ་དམ། ཕྱོགས་ཡོངས་ལ་ཁྱབ་པ་བཅས་བྱེད་དགོས། ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། དེ་ཡང་འགྲན་བསྡུར་མ་བྱས་གོང་དང་འགྲན་བསྡུར་རིང་། དེ་བཞིན་འགྲན་བསྡུར་རྗེས་ཀྱི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་སྤྱོད་གོ་ཆོད་པ་དང་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་འཕྲལ་སྡོམ་གྱི་གྲ་སྒྲིག་ཇུས་གཞི་བཟོས་ཏེ།འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་ཏན་ཏིག་བྱེད་དགོས། འགན་འཁྲི་ནན་དུ་གཏོང་དགོས། དེ་ཡང་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་བཙུགས་ནས་འགན་འཁྲི་ལས་བགོས་དང་ཞིབ་བསྡུར་བྱས་ནས་རིམ་པ་རེ་རེ་བཞིན་འགན་དཀྲི་བ་དང་སྦྲེལ་མཐུད་ཡག་པོ་བྱེད་དགོས། བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དེ་ཡང་སྡེ་ཚན་ཁག་དབར་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ་ཚད་གཞི་མཐོ་བའི་འགྲན་ལམ་གྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་ཤུགས། སྨན་བཅོས། འཁོར་རིགས།འཕྲལ་སྡོམ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་གྲ་སྒྲིག་གི་ལས་དོན་ཡག་པོ་སྒྲུབ་དགོས། དྲིལ་བསྒྲཊ་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་ཀྱི་ཐབས་ལམ་དང་གཞི་རྟེན་གསར་གཏོད་བྱས་ཏེ་ལྷ་སའི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས།མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་དང་དེ་བཞིན་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་གང་ལེགས་འགྲེམས་སྟོན་བྱས་ཏེ།འགྲན་བསྡུར་གཉེར་བའི་གོ་སྐབས་ལ་བརྟེན་ནས་གྲོང་ཁྱེར་གྱི་སྙིང་སྟོབས་ཆེ་རུ་གཏོང་དགོས། ཉམས་མྱོང་ལ་ཕྱོགས་བསྡོམས་བྱེད་དགོས། གནད་དོན་དང་ཞན་ཆར་ལྟ་སྟངས་ཡང་དག་འཛིན་པ་དང་། འགྲན་བསྡུར་གཉེར་བའི་ཆུ་ཚད་མཐོ་རུ་གཏོང་བ།མ་ལག་སྔར་བས་འཐུས་ཚང་དང་།ཇུས་འགོད་སྔར་བས་གསར་གཏོད། ཞིབ་ཕྲའི་ཚོད་འཛིན་སྔར་བས་གནད་ལ་འཕིགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐབས་གོང་མ་ལས་སྔར་བས་ལེགས་པ་ཡོང་བར་བརྩོན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

བརྟག་ཞིབ་གནང་རིང་ཝང་ཆང་དང་བཅས་པས་ད་དུང་ཕོ་བྲང་པོ་ཏ་ལ་ཐང་ཆེན་གྱི་འགོ་ཚུགས་མཛད་སྒོའི་གར་སྟེགས་དང་མཛེས་ལྗོངས་བཀོད་སྒྲིག་སོགས་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ཐད་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་རེད། ཁོང་གིས་གཙོ་གནད་ལ་དོ་སྣང་དང་འགག་རྩར་སྟངས་འཛིན་ཡང་དག་བྱས་ཏེ།ལྷ་ས་གྲོང་ཁྱེར་གྱི་འགྲན་བསྡུར་དུམ་བུ་ཁག་གི་ས་གནས་ས་ཐོག་གི་གྲ་སྒྲིག་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་ནན་གསུངས་གནང་བ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 6 6 拉萨日报藏文 c186542.html 1 /enpproperty-->