分享按钮

ལམ་སྲོལ་འཐུས་ཚང་དུ་བཏང་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས།

(པར་ངོས་དང་པོར་མཐུད)མཐའ་མཚམས་མང་ཚོགས་ཕྱུག་ན་མཐའ་སྲུང་བརྟན་པོ་ཡོང་བས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ལྗོངས་ཏང་ཨུད་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་དུ་དམ་འཛིན་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་མཉམ་དུ་དམ་འཛིན་གྱིས་ཕྱོགས་གཅིག་ནས་མཐའ་མཚམས་སྟོབས་ལྡན་དང་མཐའ་མཚམས་སྲ་བརྟན་ཡོང་བར་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་མཐའ་མཚམས་དར་རྒྱས་དང་མི་དམངས་ཕྱུག་པོ་ཡོང་བར་བྱེད་དགོས་པར་མ་ཟད། མཐའ་མཚམས་བཅོས་སྐྱོང་གི་ཕན་ནུས་ཀྱང་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཏང་སྲིད་དམག་དམངས་ཉེན་རྟོག་བཅས་ཀྱིས་མཉམ་དུ་མཐའ་མཚམས་བཅོས་སྐྱོང་བྱེད་པ་དང་མཐའ་མཚམས་བརྟན་པོ་ཡོང་བར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་ཚང་དུ་གཏོང་བ། མཐའ་མཚམས་སྟོབས་ཆེར་གཏོང་བའི་སྲིད་ཇུས་ལེགས་སྒྲིག་དང་སྒྱུར་བཅོས་འཐུས་ཚང་དུ་གཏོང་བ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ཀྱི་སྒོ་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས།མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱི་ནང་སྦྲེལ་མཐུད་ཀྱི་འདེགས་སྐྱོར་ནུས་པ་ད་དུང་ཆེན་པོ་མེད་པའི་དོན་དངོས་ལ་མཐོང་ཆེན་བྱས་ཏེ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་མགྱོགས་སུ་གཏོང་དགོས། གོ་རིམ་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། འགྲིམ་འགྲུལ་དང་། འཕྲིན་གཏོང་། ནུས་ཁུངས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཅིག་གྱུར་འཆར་འགོད་བྱས་ནས་མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་ཀྱི་བར་སྟོང་དང་མཐའ་མཚམས་བརྟན་པོ་ཡོང་བའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པར་རྒྱལ་སྲུང་གི་དགོས་མཁོར་བསམ་གཞིགས་གང་ལེགས་བྱེད་པ་དང་། ནུས་པའི་སྒྲིག་བཀོད་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ། ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དམག་དམངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་ཐུབ་པར་བྱེད་དགོས། ཏང་སྲིད་དམག་དམངས་ཉེན་རྟོག་བཅས་ཀྱིས་མཉམ་དུ་མཐའ་མཚམས་སྟོབས་ཆེར་གཏོང་བ་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། “རིག་ནུས་ཅན་གྱི་མཐའ་སྲུང”འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མཐའ་སྲུང་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཐའ་མཚམས་གཏོད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་སྲུང་སྐྱོང་དང་མཐའ་མཚམས་ཚོད་འཛིན་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།

མི་ཡོད་ན་གཞི་ནས་མཐའ་མཚམས་བརྟན་པོ་ཡོང་ཐུབ་པས། མཐའ་མཚམས་ས་ཁུལ་གྱི་བདེ་སྡོད་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། སློབ་གསོ་དང་སྨན་བཅོས་མ་ལག་བཀོད་སྒྲིག་མགྱོགས་སུ་གཏོང་བ། མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ། རྫོང་གྲོང་། སློབ་གྲྭ་བཅས་ལ་དྲོད་རླངས་ཁྱབ་པའི་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ་བཅས་ཀྱི་སྒོ་ནས་མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་སྟེ། མང་ཚོགས་དེ་བས་མང་བ་མཐའ་མཚམས་ས་ཁུལ་དུ་གཞིས་ཆགས་བདེ་སྡོད་ཐུབ་པར་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་གསར་སྤེལ་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཡུལ་སྐོར་དང་མཐའ་མཚམས་ཚོང་དོན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་མང་ཚོགས་སྡོད་ཐུབ་པ་དང་། ལས་ཀ་ཡོད་པ། ཐོན་ལས་ཡོད་པ། ཕྱུག་འགྱུར་ཐུབ་པ་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།

ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་ཀ་ཡོངས་རྫོགས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན་ལ། མཐའ་མཚམས་འཛུགས་སྐྲུན་བྱེད་པར་མེད་དུ་མི་རུང་བའི་གདོང་ལེན་པ་ཞིག་ཀྱང་ཡིན་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་འཐབ་འཛིང་བཙན་རྫོང་རྒྱུན་ཆད་མེད་པར་འཛུགས་སྐྲུན་གྱིས་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་སྲིད་དམག་དམངས་ཉེན་རྟོག་བཅས་ཀྱིས་མཉམ་དུ་མཐའ་བརྟན་མཐའ་དར་ཡོང་བར་བྱེད་པའི་དྲང་ནུས་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་དང་། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་མཐའ་མཚམས་སུ་རྩ་བ་བཙུགས་ནས་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་པའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་མཁན་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་ཞིག་ཆགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 6 6 拉萨日报藏文 c186541.html 1 ལམ་སྲོལ་འཐུས་ཚང་དུ་བཏང་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། /enpproperty-->