分享按钮

སུའུ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་འཐུས་མིའི་ཚོགས་པ་ལྷུན་གྲུབ་རྫོང་དུ་རྟོག་ཞིབ་དང་ཉམས་མྱོང་སྤེལ་རེས་གནང་བར་ཕེབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་19ཉིན། སུའུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝུའུ་ཆིང་ཝུན་གྱིས་སྣེ་ཁྲིད་པའི་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་འཐུས་མིའི་ཚོགས་པ་དང་བཅས་པ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་ཕེབས་ཏེ། རྟོག་ཞིབ་དང་སྤེལ་རེས་གནང་བར་མ་ཟད། ལྷུན་གྲུབ་རྫོང་ལ་དམངས་འཚོའི་རྣམ་གྲངས་དང་འབྲེལ་བའི་གྲོན་དངུལ་སྒོར་ཁྲི་200དང་། དགུན་ལྭ། དཔེ་དེབ་སོགས་ཀྱང་ཞལ་འདེབས་སུ་ཕུལ་བ་རེད།

ལྷུན་གྲུབ་རྫོང་དུ་སུའུ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་འཐུས་མིའི་ཚོགས་པ་དང་བཅས་པས་དྲིལ་བསྒྲགས་བརྙན་ལམ་ལ་གཟིགས་པ་དང་སྙན་ཞུར་གསན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཁ་གཏད་བོད་སྐྱོར་གྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་དང་།ཐོབ་པའི་གྲུབ་འབྲས། དེ་བཞིན་ལྷུན་གྲུབ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་སོགས་ཤེས་རྟོགས་གནང་བ་རེད། དེ་དང་ཆབས་ཅིག་སུའུ་ཀྲོའུ་གྲོང་ཁྱེར་དང་ལྷུན་གྲུབ་རྫོང་དབར་གྱི་རིག་སྟོབས་བོད་སྐྱོར་དང་། ལས་ཞུགས་བོད་སྐྱོར། འཛད་སྤྱོད་བོད་སྐྱོར་བཅས་ལ་གྲོས་མཐུན་བཞག་པ་རེད།

ཝུའུ་ཆིང་ཝུན་གྱིས་སུའུ་ཀྲོའུ་གྲོང་ཁྱེར་གྱིས་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་དང་། རོགས་སྐྱོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། མཉམ་ལས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལྷུན་གྲུབ་རྫོང་གི་མི་དམངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་ལ་བརྟེན་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། ཤུགས་ཚད་དེ་བས་ཆེ་བ་དང་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་ས་གནས་གཉིས་ཀྱི་མཉམ་ལས་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

གྲོང་སྤྱི་གཞོན་པ་ཁོང་ཧུའེ་ལྷན་དུ་རྟོག་ཞིབ་ལ་ཕེབས་ཡོད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 6 6 拉萨日报藏文 c186539.html 1 སུའུ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་འཐུས་མིའི་ཚོགས་པ་ལྷུན་གྲུབ་རྫོང་དུ་རྟོག་ཞིབ་དང་ཉམས་མྱོང་སྤེལ་རེས་གནང་བར་ཕེབས་པ། /enpproperty-->