ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེ་19ཉིན།ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད།
གྲོང་སྤྱི་གཞོན་པ་པདྨ་གཡུ་སྒྲོན་གྱིས་ཤིས་ཚིག་གསུངས་པ་དང་འབྲེལ་བྱ་དགའ་ཐོབ་པའི་ཚན་ཁག་གི་སྨན་པར་གཟེངས་བསྟོད་གནང་བ་རེད།པདྨ་གཡུ་སྒྲོན་གྱིས་དང་ཐོག་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་ཡོངས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
པདྨ་གཡུ་སྒྲོན་གྱིས་ཉེ་བའི་ལོ་ཤས་རིང་ལྷ་སའི་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་མང་ཚོགས་ཀྱི་འདོད་བློ་ཁེངས་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པར་མ་ཟད།འཕྲོད་བསྟེན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད། ཁོང་གིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རང་གྲོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་རྐྱང་དུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། ཕུལ་བྱུང་དོན་གཉེར་བྱས་ནས་གསོ་རིག་ཚན་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།རིག་གནས་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་ལ་སྔར་ལས་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ། སྨན་རྫས་སྒྲིག་གཞིས་གཟེངས་བསྟོད་ཚོགས་འདུ་གོ་སྐབས་སུ་བྱས་ནས་སྔོན་ཐོན་གྱི་འཕྲོད་བསྟེན་རིག་གནས་འདུ་ཤེས་དེ་སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་སྒྱུར་བ་བཅས་བྱས་ཏེ།མི་དམངས་ལ་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社