分享按钮

ཝང་ཆང་གིས་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་ཚད་བརྒལ་འགྲན་བསྡུར་ལས་ལྷ་ས་གྲོང་ཁྱེར་གྱི་འགྲན་བསྡུར་དུམ་བུའི་གྲ་སྒྲིག་ལས་དོན་ལ་ཡུལ་དངོས་སུ་བཀོད་གཏོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་19ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་2024ལོའི་ཀྲུང་གོའི་བོད་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་ལྔ་པའི་ལྷ་ས་གྲོང་ཁྱེར་གྱི་འགྲན་བསྡུར་དུམ་བུའི་གྲ་སྒྲིག་ལས་དོན་ཐད་བཀོད་གཏོང་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་།འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་སྟེ།ཚད་གཞི་དེ་བས་མཐོ་བ་དང་། སྤྱོད་ཚུལ་དེ་བས་ལེགས་པ། བྱ་ཐབས་དེ་བས་བདེན་དོན་བཅས་ཀྱི་ཐོག་ནས་བདེ་འཇགས་ལྡན་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། ངོ་མཚར་ཆེ་བ་བཅས་ཀྱི་ས་མཐོའི་ལུས་རྩལ་ཚོགས་འདུ་གཟབ་རྒྱས་ཤིག་འབུལ་ཆེད་ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་འདོན་སྤེལ་དང་ལྷ་སའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་གསུངས་གནང་བ་རེད།

བརྟག་ཞིབ་གནང་རིང་།ཝང་ཆང་གིས་འགྲན་བསྡུར་རིང་འགྲིམ་འགྲུལ་ཚོད་འཛིན་དང་།ཞབས་ཞུའི་གནས་ཚུལ། ཁོར་ཡུག་བཀོད་སྒྲིག སྨན་བཅོས་ཞབས་ཞུའི་འགན་ལེན་སོགས་འབྲེལ་ཡོད་ལས་དོན་གྱི་གྲ་སྒྲིག་གི་སྙན་ཞུར་ནན་ཏན་ངང་གསན་པ་དང་འབྲེལ་ལམ་རྒྱུད་ཀྱི་ལམ་བུའི་གནས་ཚུལ་བཀའ་འདྲི་གནང་ནས་ས་གནས་ས་ཐོག་ཏུ་མཐུན་སྦྱོར་ངང་གནད་དོན་ཐག་གཅོད་གནང་བ་རེད། ཁོང་གིས་སྐབས་འདིའི་འགྲན་བསྡུར་གཉེར་བ་ནི་བོད་ལྗོངས་ཀྱི་རྣམ་པ་དྲིལ་བསྒྲགས་དང་འགྲན་བསྡུར་གྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བའི་སྐར་ཁུང་གལ་ཆེན་ཞིག་ཡིན་པ་དང་དུས་མཚུངས་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ས་གསར་པའི་རྣམ་པ་གསར་པ་མངོན་པའི་རྩ་ཆེའི་གོ་སྐབས་དང་། ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད། རིམ་ཁག་སྡེ་ཚན་ཁག་གིས་ཡག་ཐོག་ཡག་བརྩེགས་དང་། ཞིབ་ཚགས་འཐུས་ཚང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 6 6 拉萨日报藏文 c186532.html 1 ཝང་ཆང་གིས་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་ཚད་བརྒལ་འགྲན་བསྡུར་ལས་ལྷ་ས་གྲོང་ཁྱེར་གྱི་འགྲན་བསྡུར་དུམ་བུའི་གྲ་སྒྲིག་ལས་དོན་ལ་ཡུལ་དངོས་སུ་བཀོད་གཏོང་གནང་བ། /enpproperty-->