分享按钮

ལམ་སྲོལ་འཐུས་ཚང་དུ་བཏང་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས།

རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། མཐའ་མཚམས་སྟོབས་ཆེར་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་ཐད་གནང་བའི“དོན་ཆེན་བཞིའི”གྲས་ཤིག་དང་། “རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་ལ། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན།

རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ། འབད་འཐབ་ཀྱི་དམིགས་ཚད་གཏན་འཁེལ། གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས། སྒྱུར་བཅོས་ཀྱི་ལས་འགན་ཁ་གསལ་བཏོན་པ། མངོན་འགྱུར་གྱི་ཐབས་ལམ་བཏོད་པ་བཅས་བྱས་ཏེ། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་ལས་དོན་གྱི་དཔེ་སྟོན་ཁུལ་ཧུར་ཐག་གཏོད་རྒྱུ་དང་། མཐའ་བརྟན་མཐའ་དར་དམངས་ཕྱུག་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་བཀོད་སྒྲིག་གསར་པ་བྱས་ཡོད་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་བླངས་ཏེ་དོན་འཁྱོལ་ལ་མཐའ་གཅིག་ཏུ་དམ་འཛིན་ལེཊ་པར་བྱེད་དགོས།

མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་གྱི་སྲུང་རགས་དང་པོ་དང་། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་མདུན་གྲལ་གྱི་གཡུལ་ས་ཞིག་ཡིན་ཞིང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་བོད་ལྗོངས་ཀྱི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཁྲོད་ཀྱི་བོད་ལྗོངས་ཀྱི་འཐབ་ཇུས་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མཐོ་ཚད་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཐོ་ཚད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་མཐོ་ཚད་བཅས་སུ་ལངས་ནས། མཐའ་སྲུང་དང་། མཐའ་སྟོབས། མཐའ་དར། མཐའ་བརྟན་བཅས་ཡོང་བར་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་ས་སྲུང་མཐའ་སྲུང་གི་རྨང་གཞི་བརྟན་དུ་གཏོང་བ་ནི་ཏང་གི་ཐུགས་ཁྲལ་མཉམ་སེལ་དང་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་ཞིབ་ཕྲའི་ལས་དོན་དུ་རྩིས་ཤིང་། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་དུ་རྩིས་ཏེ།མཐའ་མཚམས་ས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བྱེད་དགོས།མཐའ་མཚམས་དར་རྒྱས་བྱུང་ན་མཐའ་མཚམས་བརྟན་པོ་ཡོང་ཞིང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ། 6 6 拉萨日报藏文 c186533.html 1 ལམ་སྲོལ་འཐུས་ཚང་དུ་བཏང་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། /enpproperty-->