ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་19ཉིན་གྱི་སྔ་དྲོར།“མཆོག་ཏུ་འགྱུར་བའི་ཕུགས་འདུན། བདེ་སྐྱིད་ལྡན་པའི་ལྷ་ས”ཞེས་པ་གཙོ་དོན་དུ་བྱས་པའི་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རྫོང་ཁག་དང་། གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་འཐུས་མིའི་རུ་ཁག གྲོང་ཁྱེར་ཐད་གཏོགས་འཐུས་མིའི་རུ་ཁག་བཅས་ནས་ཡོང་བའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་300ལྷག་ཙམ་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དང་། མཆོང་རྒྱུག་འཕེན་གསུམ་གྱི་རིགས། སྤྲོ་སྣང་གི་རིགས། མི་རིགས་ཀྱི་རིགས་བཅས་ཀྱི་རྣམ་གྲངས་ཆེ་གྲས་བཞི་དང་རྣམ་གྲངས་ཆུང་གྲས་བཅོ་ལྔ་ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཤིས་ཚིག་གསུངས་པ་དང་འབྲེལ་འགོ་ཚུཊ་མཛད་སྒོ་ཁྱབ་བསྒྲཊ་གནང་ཞིང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社