ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་17ཉིན། ཝང་ཀོང་ལིས་འཁྲབ་ཁྲིད་བྱས་པ་དང་། ཆིན་ཝུན་གྱིས་འཁྲབ་གཞུང་བརྩམས་པ། ཡའོ་ལུའུ་དང་། པདྨ་རྡོ་རྗེ། ཀྲང་མེ་ཞོན་སོགས་ཀྱིས་གཙོ་འཁྲབ་བྱས་པའི་དངོས་བརྗོད་གློག་བརྙན《གསེར་གྱི་སྐེ་རགས》ཞེས་པ་ལྷ་སར་སྟོན་པའི་བྱེད་སྒོ་སྤེལ་ཞིང་། གློག་བརྙན་བཟོ་མཁན་ཁྲེན་དབྱང་གིས་གཙོ་འཁྲབ་པ་པདྨ་རྡོ་རྗེ་མཉམ་དུ་ཁྲིད་ནས་ལྷ་སའི་ལྟད་མོ་བ་དང་སྤྲོ་སེམས་འཁོལ་བའི་ངང་གློག་བརྙན་གསར་རྩོམ་ཐད་སྤེལ་རེས་བྱས་པ་རེད།
《གསེར་གྱི་སྐེ་རགས》ཞེས་པའི་གློག་བརྙནནང་། ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་པའི་གཞོན་ནུ་གཏེར་འདོན་བཟོ་པ་ཞའོ་ཞུང་གིས་ཕུཊ་བསམ་མངོན་འགྱུར་བྱ་ཆེད་བྷོག་སིན་རྩལ་འགྲན་པ་གསར་པ་ཡའོ་མོའོ་ལ་སྦྱོང་བརྡར་བྱེད་རོགས་བྱས་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་རྩལ་ཁྲིད་དགེ་རྒན་ཡའོ་ཧྥུང་གིས་ཁོང་ལ་མཐོང་ཆེན་བྱས་པར་མ་ཟད། ཡའོ་མོའོ་རང་གི་གཅུང་པོ་ལྟར་བརྩིས་པ་དང་། མཐར་རི་ཁུག་ཞིག་ནས་བྷོ་སིན་རྩལ་འགྲན་གྱི་རྩེ་མོར་སོན་པའི་གཏམ་རྒྱུད་བརྗོད་ཡོད། ལྷ་སར་སྟོན་དུས་ཁྲེན་དབྱང་དང་འཁྲབ་སྟོན་པ་གཙོ་བོ་པདྨ་རྡོ་རྗེས་བརྩམས་ཆོས་དེ་གསར་རྩོམ་བྱེད་པའི་བརྒྱུད་རིམ་མཉམ་སྤྱོད་བྱས་ཤིང་། ཁྲེན་དབྱང་གིས་གློག་བརྙན་པར་ལེན་བྱེད་སྟངས་ཐད་ལྟད་མོ་བར་མྱོང་ཚོར་ངོ་མ་ཞིག་ཐོབ་གང་ཐུབ་བྱས་ཡོད་ལ། འཁྲབ་སྟོན་ཚང་མར་ཧང་སངས་དགོས་པའི་ནུས་པ་ཡང་ལྡན་ཡོད། གློག་བརྙན་ནང་གི་མི་ཚེའི་དམིགས་ཚད་མངོན་འགྱུར་བྱ་ཆེད་ནམ་ཡང་ཞུམ་པ་མེད་པར་འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་དེ་ལྟད་མོ་བ་ཚང་མར་བརྒྱུད་སྤྲོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
གླེང་རིན་ཡོད་པ་ཞིག་ནི། གློག་བརྙན་ནང་གི་ཞའོ་ཞུང་གི་འཁྲབ་སྟོན་པ་པདྨ་རྡོ་རྗེ་ནི་བོད་རིགས་ཀྱི་ལས་རིགས་ཕྱོགས་བསྡུས་ཀྱི་འཐབ་འཛིང་པ་ཞིག་ཡིན་པས། ཁོང་ལ་འཐབ་འཛིང་རྒྱལ་སྲས་ཞེས་པའི་མཚན་སྙན་ཐོབ་ཡོད། པདྨ་རྡོ་རྗེས་བྷོག་སིན་དང་རང་ཉིད་ཀྱི་མི་ཚེའི་དབར་འབྲལ་ཐབས་མེད་པའི་ལས་འབྲེལ་ཞིག་ཡོད། གློག་བརྙན་ནང་གི་ཞའོ་ཞུང་ནི་རང་ཉིད་ཀྱི་བསྡུས་རིས་ཤིག་དང་འདྲ།གསེར་གྱི་སྐེད་རགས་ཀྱི་སྙིང་སྟོབས་ཀྱི་སྐུལ་ལྕག་འོག་རང་ཉིད་ལ་གསེར་གྱི་སྐེ་རགས་ངོ་མ་ཞིག་ཐོབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བཤད། པདྨ་རྡོ་རྗེས་ཡུལ་དངོས་ཀྱི་ལྟད་མོ་བར་པར་ལེན་གྱི་བརྒྱུད་རིམ་མཉམ་སྤྱོད་བྱས་པ་དང་། གློག་བརྙན་ནང་ཁོང་གིས་ཡིད་དབང་འགུག་པའི་ནུས་པ་ལྡན་པའི་འཁྲབ་སྟོན་གྱི་ནུས་པས་ལྷ་སའི་ལྟད་མོ་བར་སེམས་འགུལ་ཆེན་པོ་ཐེབས་ཡོད། ལྟད་མོ་བ་པད་ལྷ་བདེ་དཔལ་ལྷ་མོས་གློག་བརྙན་འདིས་ལྟད་མོ་བ་ཚོར་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་ལ། གློག་བརྙན་ནང་གི་འཁྲབ་རྩལ་དང་མི་སྣ་གཙོ་བོའི་གཏམ་རྒྱུད་ཚང་མ་དོན་དངོས་ཡིན་པ་དང་། དེའི་ཐོག་ནས་མངོན་པའི་འབད་འཐབ་ཀྱི་སྙིང་སྟོབས་ཀྱིས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་པར་མ་ཟད། ལས་ཀ་དང་འཚོ་བའི་ཁྲོད་དཀའ་ངལ་གང་ཞིག་འཕྲད་ཀྱང་རྒྱུན་འཁྱོངས་བྱས་ཏེ་དཀའ་ངལ་ལས་རྣམ་པར་རྒྱལ་བའི་སྙིང་སྟོབས་སྤྲད་བྱུང་ཞེས་བཤད།
《གསེར་གྱི་སྐེ་རགས》ཞེས་པའི་གློག་བརྙན་དེ་ཀྲུང་གོའི་འཛམ་གླིང་གི་ཆེད་ལས་བྷོག་སིན་རྒྱལ་པོའི་ལོ་རྒྱུས་དངོས་འཁྲབ་སྟོན་བྱས་པ་ཞིག་རེད། གློག་བརྙན་གྱིས་ལོ་རྒྱུས་མི་སྣའི་ཁྲག་དྲོན་དང་སྐུལ་ལྕག་གི་གཏམ་རྒྱུད་གསོན་ཉམས་དོད་པོས་བསྐྱར་མཚོན་བྱས་པར་མ་ཟད། གསར་གཏོད་ཚོགས་པས་ཁྱིམ་ཚང་གི་སློབ་གསོ་དང་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་སོགས་གཙོ་བོར་དམིགས་ནས་མི་ཚེའི་གནས་བབ་ལ་འགྱུར་བ་གཏོང་བའི་བསམ་ཕྱོགས་སོགས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཡོད་པས་གློག་བརྙན་ལ་འཚར་ལོངས་ཀྱི་སློབ་གསོའི་དོན་སྙིང་གཏིང་ཟབ་ལྡན་པ་བྱས་ཡོད། གློག་བརྙན་འདི་ཟླ་8པའི་ཚེས་23ཉིན་རྒྱལ་ཡོངས་སུ་སྟོན་རྒྱུ་ཡིན་ཞིང་། པདྨ་རྡོ་རྗེས་གློག་བརྙན་དེ་འཁྲབ་རྗེས་ང་ལ་གྲུབ་འབྲས་མང་པོ་ཐོབ་བྱུང་ལ།ཚང་མར་བྱ་བ་སྒྲུབ་སྐབས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་ལས་མཐའ་མི་འཁྱོལ་བ་བྱེད་མི་རུང་།ཕྱིས་འབྱུང་ལྷ་སར་ཡོང་བའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ་འབད་བརྩོན་བྱས་པ་བརྒྱུད་རང་ཉིད་ལ་དབང་བའི་གསེར་གྱི་སྐེ་རགས་རག་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་བཤད།
(པདྨ་རྒྱལ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社