ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་16ཉིན།ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་།རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་གྲོང་ཨུད་སྤྱི་ཚོགས་ལས་དོན་པུས་གཞོགས་འདེགས་བྱས་ནས་གཉེར་བའི་བདེ་ཐང་ལ་གཅེས་སྐྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་བརྒྱ་གཞི་རིམ་དུ་སྤེལ་ཞེས་པའི་བྱེད་སྒོ་ལྷ་སར་སྤེལ་ནས་རང་གྲོང་གི་ལས་བྱེད་པ་དང་། ལས་བཟོ་བ། སྡེ་ཁུལ་གྱི་མང་ཚོགས་བཅས་130ལྷག་ཙམ་ལ་འོས་འགན་སྨན་བཅོས་ཀྱི་ཞབས་ཞུ་བསྒྲུབས་ཏེ་དྲོ་སྐྱིད་དང་ཐུགས་ཁུར་བརྒྱུད་སྤྲོད་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་དང་དང་བླངས་པ་ཚོ་མཉམ་དུ་འཛོམས་ནས་ཆེད་ལས་ཀྱི་སྨན་བཅོས་སྒྲིག་ཆས་དང་ཕུན་སུམ་ཚོགས་པའི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ལ་བརྟེན་ནས་རང་གྲོང་གི་ལས་བྱེད་པ་དང་། ལས་བཟོ་བ། སྡེ་ཁུལ་ཀྱི་མང་ཚོགས་བཅས་ལ་བདེ་ཐང་བརྟག་དཔྱད་དང་།སྙིང་ཀླད་བདེ་ཐང་བློ་འདྲི།སྙིང་ཁམས་ཁྲག་རྩའི་ནད་ཀྱི་འོས་འགན་སྨན་བཅོས་སོགས་ཀྱི་ཞབས་ཞུ་བསྒྲུབས་པ་རེད།རིགས་གཅིག་མཁས་ཅན་ཚོས་ནད་པས་ནད་གཞིའི་སྐོར་ཞིབ་ཏུ་བརྗོད་པར་ནན་ཏན་གྱིས་ཉན་པ་དང་།ཞིབ་བཤེར་ཞིབ་ཚགས་བྱེད་པ།ངང་རྒྱུད་རིང་པོས་ལན་འདེབས་པ་བཅས་བྱས་པར་མ་ཟད།ནད་གཞིའི་གནས་ཚུལ་མི་འདྲ་བར་དམིགས་ནས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་སྨན་བཅོས་གྲོས་འགོ་དང་བདེ་ཐང་མཛུབ་ཁྲིད་ཀྱང་བྱས་པ་རེད།གསོན་ཉམས་དོད་པའི་འགྲེལ་བཤད་དང་མཉམ་འགུལ་དྲི་བ་དྲིས་ལན་བརྒྱུད།ཚང་མར་རྒྱུན་མཐོང་ནད་འགོག་བཅོས་ཀྱི་ཤེས་བྱ་དང་བདེ་ཐང་དོ་དམ་གྱི་འདུ་ཤེས་ཁྱབ་གདལ་བཏང་ནས་ཚང་མར་ཚན་རིག་དང་མཐུན་པའི་བདེ་ཐང་གི་འདུ་ཤེས་འཛུགས་རོགས་བྱས་ཏེ་རང་ཉིད་ཀྱི་བདེ་སྲུང་ནུས་པ་ཆེ་རུ་གཏོང་རོགས་བྱས་ཡོད།ཛ་དྲག་ལ་གོ་རིམ་ལྡན་པའི་བྱེད་སྒོའི་ཁྲོད་དང་བླངས་པ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལེགས་སྐྱེས།མཛའ་བརྩེ།རོགས་རེས།ཡར་ཐོན་བཅས་ཀྱི་དང་བླངས་སྙིང་སྟོབས་ལ་གསལ་འགྲེལ་བྱས་ནས་རང་གྲོང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་དྲོ་སྐྱིད་དང་གཅེས་སྐྱོང་སྦྱིན་ཡོད།
ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་ཡིན་པའི་ངོས་ནས་དུས་རྒྱུན་དེ་དང་འདྲ་བའི་སྤྱི་ཕན་བྱེད་སྒོ་མང་པོ་སྤེལ་གྱི་ཡོད།ད་ཐེངས་ལྷ་སར་འོས་འགན་སྨན་བཅོས་ཀྱི་བྱེད་སྒོའི་ཁྲོད་ངས་རོགས་རམ་བྱེད་དགོས་པའི་མི་མང་པོ་ཞིག་མཐོང་བར་མ་ཟད།ཚོགས་པའི་མཉམ་ལས་ཀྱི་སྟོབས་ཤུགས་ཀྱང་ཚོར་བྱུང་།ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད།མི་དེ་བས་མང་བ་ཞིག་ལ་བདེ་ཐང་དང་རོགས་རམ་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཧོ་ཡུས་ཏ་ཡིས་བཤད།
ཕྱིས་འབྱུང་།བདེ་ཐང་ལ་གཅེས་སྐྱོང་བྱེད་པའི་དང་བླངས་ཞབས་ཞུའི་རྣམ་གྲངས་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ་དང་།སྨན་བཅོས་རིགས་གཅིག་མཁས་ཅན་དང་དང་བླངས་པ་དེ་བས་མང་བ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དང་མང་ཚོགས་ལ་རོགས་རམ་བྱེད་དགོས་པའི་མི་དེ་བས་མང་བར་བདེ་ཐང་གི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད།དེ་དང་ཆབས་ཅིག་ཞབས་ཞུའི་རྣམ་པ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱེད་པ་དང་བླངས་ཞབས་ཞུའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།བདེ་ཐང་གི་ཀྲུང་གོའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།
ད་རེས་ཀྱི་བདེ་ཐང་ལ་གཅེས་སྐྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་བརྒྱ་གཞི་རིམ་དང་བོད་ལྗོངས(ལྷ་སའི་ས་ཚིགས)སུ་སྤེལ་བ་ནི་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་།གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་ཡིན།ད་ཐེངས་ཀྱི་བྱེད་སྒོ་བརྒྱུད།ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོ་བའི་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་ས་གནས་འདི་གའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་སྙིང་ཁམས་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཧྲི་དབྱིས་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社