分享按钮

སྙེ་མོའི་གྲོག་རོང་ཆེན་མོ། ཐོན་པ་སྤོས་ཀྱི་འབྱུང་ཁུངས་ཞེས་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་16ཉིན། སྙེ་མོའི་གྲོག་རོང་ཆེན་མོ། ཐོན་པ་སྤོས་ཀྱི་འབྱུང་ཁུངས་ཞེས་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ་འགོ་ཚུགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཧུའེ་དང་།གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་ཝུའེ་ཧྲེང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

འགོ་ཚུགས་མཛད་སྒོ་དེ་སྙེ་མོ་རྫོང་ཇོ་མོ་གངས་དཀར་སྒྱུ་རྩལ་ཚོགས་པའི་གླུ་གར《བཀྲ་ཤིས་པའི་སྙེ་མོས་བསྐལ་པ་བཟང་པོར་རྟེན་འབྲེལ་ཞུ》ཞེས་པའི་ཁྲོད་འགོ་ཚུགས་པ་ཤིང་། དེའི་རྗེས་སུ《ཐོན་མིའི་ཕ་ཡུལ》《གཟིམ་སྤོས་ཀྱི་བརྩེ་བ》《ས་མཐོའི་མགྲོན་བསུའི་རོལ་དབྱངས》སོགས་ལེ་ཚན་གྱིས་གཟིགས་མོ་བ་ཚོའི་སྤྲོ་སེམས་འཕེལ་བར་བྱས་ནས་བྱེད་སྒོ་ཧྲིལ་པོར་མཐོ་རླབས་འཕྱུར། ཡུལ་དངོས་ཀྱི་བརྙན་ཤེལ་ཆེན་པོའི་ཐོག་བསྟན་པའི་བོད་ཡིག་རྟེན་རྫས་བཤམས་མཛོད་ཁང་དང་། ཐོན་མིའི་བཞུགས་གནས་རྙིང་པ། ཇོ་མོ་གངས་དཀར་གངས་རིའི་མཛེས་ལྗོངས་ཁུལ་སོགས་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་ཀྱིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཡོད།

སྙེ་མོའི་གཟིམ་སྤོས་དང་། ཞོ་ལེགས་ཀྱི་བོད་ཤོག ཕུ་གསུམ་གྱི་པར་བརྐོས་གསུམ་ལ་སྙེ་མོའི་རྩེར་སོན་གསུམ་ཞེས་བརྗོད་པ་དང་། དེའི་ཁར་སྙེ་བྲིས་ཡིག་གཟུགས་དང་། རྔ། ལྷམ་ཡུ་རིང་། འབག་དཀར་ལྷ་མོ། སྙེ་མོའི་རླུང་དར། བོང་ཁང་རྫ་ཆས་སོགས་བསྣན་ན་སྙེ་མོའི་རྩེར་སོན་བདུན་གྱི་དམིགས་བསལIPགྲུབ་ཡོད། བྱེད་སྒོ་སྤེལ་ཡུལ་དུ། སྙེ་མོའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ལག་རྩལ་རྒྱུན་འཛིན་པས་སྟེགས་བུ་བཙུགས་ནས་རྩེན་སོན་གསུམ་དང་ལག་རྩལ་བདུན་ངོམ་སྟོན་བྱས་པར་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་རེད།

ཉིན་དེའི་དགོང་མོར། སྙེ་མོའི་གྲོག་རོང་ཆེན་མོ། ཐོན་པ་སྤོས་ཀྱི་འབྱུང་ཁུངས་ཞེས་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པའི་ལེ་ལག་ཚང་བའི་བྱེད་སྒོའི་གྲས་ཤིག་ཡིན་པའི་མེ་ཕུང་མཚན་ཚོགས་ཐོན་པ་གྲོང་རྡལ་དུ་འགོ་ཚུགས་པ་རེད། སྙན་ཞིང་འཇེབས་པའི་སྒོར་གཞས་ཀྱི་རོལ་དབྱངས་དང་བསྟུན་ནས་ས་སྲོད་ཀྱི་མཚམས་སུ་མེ་ལྕེ་ལྷམ་ལྷམ་དུ་འབར་ཞིང་། དེ་གར་འབྲུག་སྒྲ་གྲགས་པ་ལྟ་བུའི་དགའ་འབོད་ཞུས་ནས་ཡུལ་དངོས་ཀྱི་ཡུལ་སྐོར་བ་དང་།མི་རིགས་ཁག་གི་ལས་བྱེད་པ།མང་ཚོགས་བཅས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ། ཚང་མས་ལག་གདང་སྦྲེལ་ནས་དགའ་སྤྲོའི་རོལ་དབྱངས་ཁྲོད་ཆེས་མཛེས་སྡུག་ལྡན་པའི་ཞབས་བྲོའི་སྟངས་སྟབས་བསྒྱུར་ནས་སྙེ་མོའི་གྲོག་རོང་ཆེན་མོ། ཐོན་པ་སྤོས་ཀྱི་འབྱུང་ཁུངས་ཞེས་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་ཐུགས་གྲ་ལེཊ་སྒྲིག་ངང་གཉེར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-20 6 6 拉萨日报藏文 c186444.html 1 སྙེ་མོའི་གྲོག་རོང་ཆེན་མོ། ཐོན་པ་སྤོས་ཀྱི་འབྱུང་ཁུངས་ཞེས་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་འགོ་ཚུགས་པ། /enpproperty-->