分享按钮

ཤ་གསར་ཟུར་སྡེ་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་ཡུལ་མི་མང་ཚོགས་ཁྲོད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་ཡིས་ཤ་གསར་ཟུར་སྡེ་ཁུལ་དང་མཉམ་འབྲེལ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་ཀྱི་བྱེད་སྒོ་དེ་སྡེ་ཁུལ་ཇ་ཁང་གི་དཔེ་ཁང་དུ་སྤེལ་ནས་མི་ཚང་མས་གྲོས་ཚོགས་ཀྱི་དགོངས་དོན་ཤེས་རྟོཊ་ཐུབ་ཡོད།

ཡུལ་དངོས་སུ་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་སྡེ་ཁུལ་ཇ་ཁང་གི་དཔེ་ཁང་ལ་ཆབ་སྲིད་དང་། རིག་གནས། སྤྱི་ཚོགས་རིག་པ་སོགས་ཀྱི་དཔེ་དེབ་ཆ་ཚང་70ལྷག་ཙམ་ཕུལ་བ་དང་། དེའི་རྗེས་སུ་ཤ་གསར་ཟུར་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་མས་སྡེ་ཁུལ་གྱི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གོ་བདེ་བའི་སྒོ་ནས་གསལ་འགྲེལ་བྱས་པ་དང་། གྲོང་མི་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་དོན་སྙིང་གཙོ་བོ་ཁོང་དུ་ཆུད་པར་འགན་ལེན་བྱས་པ་རེད།

སྐལ་བཟང་སྒྲོལ་མས་ང་ཚོའི་སྡེ་ཁུལ་ཇ་ཁང་གི་དཔེ་ཁང་འདི་2019ལོའི་ཟླ་4པར་བཙུགས་པ་ཡིན་ཞིང་། ཇ་ཁང་གི་དཔེ་ཁང་དེ་ང་ཚོའི་སྡེ་ཁུལ་གྱི་རིག་གནས་དྲིལ་བསྒྲགས་ཀྱི་གཡུལ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་རིང་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་བྱ་ཐབས་ལ་བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ལ་ཏང་ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་མང་པོ་ཞིག་དང་།ཕན་པ་གང་ནས་བྱུང་བ་ཤེས་རྟོགས་ཐུབ་པར་བྱ་རྒྱུ་ཡིན། ཕྱིས་འབྱུང་། ང་ཚོས་ཇ་ཁང་གི་དཔེ་ཁང་དང་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་བྱེད་སྒོ་འདི་ལྟ་བུ་མང་ཙམ་སྤེལ་རྒྱུ་ཡིན་ཞེས་བཤད།

དེ་དང་ཆབས་ཅིག་ཡུལ་དངོས་སུ་ད་དུང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཤེས་བྱར་བྱ་དགའ་སྤྲོད་པའི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་ཀྱང་སྤེལ་བས།ཡུལ་དངོས་ཀྱི་གྲོང་མི་བྱེད་སྒོ་དེའི་ནང་ཧུར་ཐག་ཞུགས་ནས་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད། ཤ་གསར་ཟུར་སྡེ་ཁུལ་གྱི་ཡུལ་མི་དབྱངས་ཅན་སྒྲོལ་དཀར་གྱིས་ད་ཆ་ཡུལ་མི་རྣམས་གྲོང་མི་ཨུ་ལྷན་དུ་འགྲོ་མི་དགོས་པར་ཇ་ཁང་ནང་བྱེད་སྒོ་སྣ་ཚོགས་ཐད་ཀར་སྤེལ་ཆོག་པར་མ་ཟད། སྡེ་ཁུལ་གྱི་འགོ་ཁྲིད་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་ཀྱང་བྱས་རྗེས་ཆེན་པོ་བཞག་ཡོད་པས།ང་ཚོ་མང་ཚོགས་ཀྱི་ངོས་ནས་བཤད་ན་ཏང་དང་སྲིད་གཞུང་གིས་ཁོངས་གཏོགས་ཁུལ་གྱི་ཡུལ་མིར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་ཚོར་བྱུང་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-20 6 6 拉萨日报藏文 c186443.html 1 ཤ་གསར་ཟུར་སྡེ་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ། /enpproperty-->