ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་15ཉིན།ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་དྲིལ་བསྒྲགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་།ཐུན་མོང་ཐོག་སྤྱི་ཚོགས་ལས་དོན་ཁྱབ་ཁོངས་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལས་དོན་ལ་ཞིབ་དཔྱད་བྱས་ནས་ལྷ་སའི་སྤྱི་ཚོགས་ལས་དོན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
ཚོགས་འདུའི་ཐོག་བོད་ལྗོངས་བྱིས་པའི་ཕན་བདེ་ཁང་གི་སྤྱི་ཚོགས་ལས་དོན་དགེ་རྒན་ཞུས་ཙེང་ཐའོ་དང་།བོད་ལྗོངས་སྐར་འོད་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལྟེ་གནས་ཀྱི་ལས་འཛིན་འགོ་འཛིན་བདེ་ཆེན་གཡུ་སྒྲོན་སོགས་སྤྱི་ཚོགས་ལས་དོན་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པའི་འཐུས་མི་བཞིས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་རང་གི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་དང་།བསམ་ཕྱོགས།འཕེལ་རྒྱས་འཆར་འགོད་བཅས་མཉམ་སྤྱོད་བྱས་པ་དང་།གང་བསམ་ལྷུག་བརྗོད་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་འཆར་དང་ཇབས་འདོན་ཇུས་འབུལ་ཧུར་ཐག་གནང་བ་རེད།
ཞུས་ཙེང་ཐའོ་ཡིས་སྤྱི་ཚོགས་ལས་དོན་པའི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཞབས་འདེགས་ཞུ་བ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་ལས་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས།མཛེས་སྡུག་ལྡན་ཞིང་བདེ་སྐྱིད་ལྡན་པའི་ལྷ་ས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་སྐད་གྲགས་མེད་པའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད།བསྡུ་ལེན་མཉམ་སྤེལ་དང་གསར་གཏོད་ཟུང་འབྲེལ་སོགས་ཀྱི་བྱེད་ཐབས་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་ཀའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་སྤུས་རྟགས་གསར་པ་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།
བཞུགས་མོལ་ཚོགས་འདུའི་ཐོག《ཤེས་ལྡན་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གནད་བཏུས》ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་པ་དང་།ཚོགས་ཞུགས་པས་གཙོ་དོན་དང་དོན་དངོས་ལ་དམ་པོར་བསྟུན་ཏེ་ལས་ཀའི་ཉམས་མྱོང་སྤེལ་རེས་དང་ལྷ་སའི་སྤྱི་ཚོགས་ལས་དོན་ཁྱབ་ཁོངས་ཀྱི་འཕེལ་ཕྱོགས་དང་འཕྲད་པའི་འགྲན་སློང་ལྷུག་པོར་གླེང་བ།སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཐད་བསམ་འཆར་དང་གྲོས་འགོ་བཏོན་ནས་ལྷ་སའི་སྤྱི་ཚོགས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་བ་རེད།
ཁྲེང་ཀོན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་གཞོན་པ་ཀྲང་ཡུན་གྱིས་སླད་ཕྱིན་ང་ཚོས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་ཡག་པོ་བྱས་ཏེ།ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དང་།ཁྲེང་ཀོན་ཆུས་ཀྱི་ལྔ་ལྔའི་ལས་དོན་བཅའ་ཁྲིམས་གོ་སྐབས་སུ་བྱས་ཏེ།སྡེ་ཁུལ་གྱི་ལས་དོན་པ་གསོ་སྐྱོང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག ཁྲེང་ཀོན་ཆུས་ཀྱི་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཟླ་8ཚེས་10ཉིན།ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་བྱེད་སྒོ་དངོས་སུ་འགོ་ཚུགས་པ་དང་།བྱེད་སྒོ་དེ་ཤེས་ལྡན་པ་གསོ་སྐྱོང་དང་།ནང་འདྲེན།བཀོལ་སྤྱོད།ཉར་བ་བཅས་ཕྱོགས་བཞི་ནས་རིགས་གཅིག་མཁས་ཅན་དང་།ཁེ་ལས་ཀྱི་འཐུས་མི།སློབ་ཆེན་གྱི་འཐུས་མི།ཤེས་ལྡན་པའི་འཐུས་མི་བཅས་500ཙམ་གདན་དྲངས་ནས་མཉམ་ལས་འཕེལ་རྒྱས་དོན་གཉེར་བྱས་ཏེ།ཕྱོགས་གཉིས་ཀར་མཉམ་དུ་བསྐྱོད་པའི་ཤེས་ལྡན་པའི་ཚོགས་འདུ་གཟབ་རྒྱས་ཤིག་འཚོགས་པ་དང་འབྲེལ།ལྷ་སའི་མཐོ་གསར་ཁུལ་དང་།དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ།སྟོད་ལུང་བདེ་ཆེན་ཆུས།སྟག་རྩེ་ཆུས།སྙེ་མོ་རྫོང་།ཆུ་ཤུར་རྫོང་བཅས་ཀྱིས་དུས་མཉམ་དུ་གཙོ་དོན་གཏམ་བཤད་དང་།གྲུབ་འབྲས་འགྲེམས་སྟོན།རིགས་གཅིག་མཁན་ཅན་གྱིས་དོགས་གཞིར་ལན་འདེབས་པ།ཤེས་ལྡན་པའི་གྲོགས་པོ་སྒྲིག་པ།ཤེས་ལྡན་པའི་རོལ་དབྱངས་དུས་ཆེན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྲིད་གཞུང་དང་།སློབ་ཆེན།ཁེ་ལས།ཤེས་ལྡན་པ་བཅས་ཀྱི་དབར་ཕན་ཚུན་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་ནས་ཤེས་ལྡན་པར་བརྩི་བཀུར་ཞུ་བའི་ཁོར་ཡུག་བཏོད་པ་དང་།ཕུན་སུམ་ཚོགས་པའི་ནང་དོན་ལ་བརྟེན་ནས་ལྷ་སའི་ཤེས་ལྡན་པ་བརྩོན་ལེན་དང་འཇོན་ཐང་སྦྱོང་བའི་ལྷག་བསམ་ཆེ་ཤོས་ལེགས་པར་མངོན་ཡོད་པ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社