分享按钮

ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་དྲིལ་བསྒྲགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་15ཉིན། ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་དྲིལ་བསྒྲགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པའི་བཞུཊ་མོལ་ཚོགས་འདུ་འཚོཊ་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་། གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་གློག་བརྙན་འགྲེམས་སྤེལ་དང་སྟོན་པའི་གསོ་སྦྱོང་ལྟེ་གནས་བཅས་ཀྱི་ལས་རིགས་ནང་གི་ཤེས་ལྡན་པའི་འཐུས་མི་མཉམ་དུ་འཛོམས་ནས་ཉམས་མྱོང་བཤད་པ་དང་མྱོང་ཚོར་གླེང་བ། འཕེལ་རྒྱས་གླེང་བ། གྲོས་འགོ་བཏོན་པ་བཅས་བྱས་ཏེ། ལྷ་སའི་དྲིལ་བསྒྲགས་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད། དེའི་རྗེས་ཀྱི་མཉམ་འགུལ་སྤེལ་རེས་ནང་། ཚོགས་ཞུགས་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་ལས་ཀ་དང་འཚོ་བའི་ཁྲོད་འཕྲད་པའི་གནད་དོན་དང་དཀའ་ངལ་བཏོན་པ་དང་། ཐུན་མོང་ཐོག་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱས་པར་མ་ཟད། དྲིལ་བསྒྲགས་ཀྱི་ནང་དོན་གསར་རྩོམ་དང་། ཐབས་ལམ་རྒྱ་སྐྱེད། མང་ཚོགས་དང་མཉམ་འགུལ་སོགས་ཀྱི་ཐད་རང་ཉིད་ཀྱི་ལྟ་བ་དང་ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་ལས་རིགས་བརྟན་སྲུང་དང་ལྷ་སར་གཞི་ཚུཊ་པའི་ཡིད་ཆེས་དང་ཆོད་སེམས་གཅིག་སྡུད་ཐོག་མངོན་པ་རེད།

གྲོང་ཁྱེར་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་པ་ལིའུ་ནུའོ་དབྱང་གིས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ང་ཚོར་བསམ་བློ་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་པས། ང་ཚོར་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱེད་པའི་ཐད་བསམ་ཕྱོགས་དེ་བས་མང་བ་བྱུང་བར་མ་ཟད། ང་ཚོའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ལ་དམིགས་ནས་ཐུན་མོང་ཐོག་ཐག་གཅོད་བྱེད་ཐབས་ཀྱང་འཚོལ་ཞིབ་བྱས་ཏེ། དྲིལ་བསྒྲགས་ལས་དོན་དེ་བས་ལེགས་པ་སྤེལ་རྒྱུར་ཆ་རྐྱེན་བསྐྲུན་ཡོད། འབྱུང་འགྱུར་སྤེལ་རེས་ཀྱི་གོ་སྐབས་འདི་འདྲ་དེ་བས་མང་བ་བྱུང་ནས་ལས་རིགས་ཡར་ཐོན་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཕྱིས་འབྱུང་། ངས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་འདི་གོ་སྐབས་སུ་བརྩིས་ནས་འབད་བརྩོན་དང་། ལྷག་བསམ་རྣམ་དག་གིས་ལས་ཀ་ནན་ཏན་བྱས་ཏེ། དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྷ་སའི་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་མི་དང་དཔུང་ཁག་ལ་ཐུག་ཡོད། རྒྱ་ཆེའི་དྲིལ་བསྒྲགས་ཁྱབ་ཁོངས་ཀྱི་ཤེས་ལྡན་པས་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བརྟན་པོ་དང་། ཏང་གི་འདོད་ཚུལ་མཚོན་པ་དང་མི་དམངས་ཀྱི་བསམ་འདུན་མཚོན་པ་གཅིག་གྱུར་བྱས་ཏེ། ཏང་གི་མང་ཚོགས་ཀྱི་རྨང་གཞི་དང་སྲིད་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། རང་ངོས་ཀྱི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་དང་། ལོ་རྒྱུས་ཀྱི་གོ་སྐབས་ལ་གཅེས་སྤྲས་ནན་ཏན། མཐའ་ཚད་དམ་པོར་སྲུང་བ། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་པ། བློ་གཅིག་སེམས་གཅིག་གིས་ལས་སྒོར་བརྩོན་ཞིབ་བཅས་བྱས་ནས་ཆེད་ལས་ཀྱི་ཤེས་བྱ་དང་། ཆེད་ལས་ཀྱི་ནུས་པ། ཆེད་ལས་ཀྱི་སྤྱོད་ཚུལ། ཆེད་ལས་ཀྱི་སྙིང་སྟོབས་བཅས་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-20 6 6 拉萨日报藏文 c186442.html 1 ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་དྲིལ་བསྒྲགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->