分享按钮

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སྲིད་གཞུང་ཁོངས་གཏོགས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་གོ་གུང་ཁྲན་ཏང་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་སྒྲིག་སྲོལ་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་སློབ་སྦྱོང། མཉམ་འདྲེས་དང་གཏིང་ཟབ་ངང་སློབ་སྦྱོང་བཅས་བྱས་ཏེ། ཚད་གཞི་དང་གཏན་འབེབས་ལ་མཐུན་པ་དང་། དངོས་ཐོག་བདེན་འཚོལ། སློབ་སྦྱོང་དང་ལག་བསྟར་བཅས་བྱེད་དགོས་པ་དང་། ཁག་བགོས་གྲོང་སྤྱི་གཞོན་པ་ཁག་གིས་ཁག་བགོས་ཁྱབ་ཁོངས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྒྱུར་བཅོས་ལས་དོན་གྱི་གཙོ་གནད་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དང་ལག་ལེན་ཟུང་འབྲེལ་བྱས་ཏེ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་གནད་དོན་སྔོན་འགོག་དང་སེལ་བའི་ཞིབ་ཕྲའི་བྱ་ཐབས་སུ་བསྒྱུར་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། 《ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེས་ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་བྱས་ཡོད། སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་ཁ་གསལ་བཟོས་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། རང་འགུལ་ངང་ངོས་འཛིན་བྱེད་དགོས། བསམ་ཕྱོགས་གསལ་པོ་བཟོ་དགོས་པ། ལྷ་སའི་དོན་དངོས་ལ་གཞི་ཚུགས་ནས་ལྷ་སའི་སྒྱུར་བཅོས་ཀྱི་གཙོ་གནད་དང་ཁ་ཕྱོགས་གཙོ་བོ་ཇུས་འགོད་ཡག་པོ་བྱས་ཏེ། སྒྱུར་བཅོས་ཀྱི་བསམ་བཀོད་དང་གསར་གཏོད་ཀྱི་བྱ་ཐབས་སྤྱད་དེ་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་སེལ་ནས་སྒྱུར་བཅོས་ཀྱི་ཕན་འབྲས་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས། གཙོ་གནད་ལས་བརྒལ་དགོས་པ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ་དམིགས་ཚད་ཁ་གསལ་དང་བྱེད་ཐབས་ཞིབ་ཕྲ་བཟོས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ཐད་འབད་བརྩོན་དང་འཕེལ་རྒྱས་ལ་དམ་འཛིན་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོའི་ལས་ཀའི་དམིགས་ཚད་དང་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་འགྲུབ་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་མིང་ཀྲེ་དང་། ཁྲེན་ཅིང་། དགྲ་འདུལ། ལི་ཅང་ཞིན། ལུའུ་ཚུང་ཧྥུ། ཁོང་ཧུའེ། ཕན་ཝུན་ཆིན། བློ་གསལ། ཀྲའོ་ཧྲི་ཏུང་། པ་སངས་རྡོ་རྗེ། བློ་བརྟན་བཅས་ཚོགས་འདུར་ཞུགས་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-20 6 6 拉萨日报藏文 c186441.html 1 /enpproperty-->