(པར་ངོས་དང་པོར་མཐུད)དུས་ཡུན་ཐུང་ངུའི་དམིགས་ཚད་དང་ཡུན་རིང་གི་དམིགས་ཚད་ནི།རྩོད་སྒྲུབ་ཀྱི་གཅིག་གྱུར་གྲུབ་ཆ་ཞིག་ཡིན་པས། ཕྱོགས་གང་ཞིག་ནན་བཤད་ཐལ་དྲགས་ན། གཅིག་བཟུང་གཅིག་ཤོར་བྱུང་ནས་དཔལ་འབྱོར་འཕེལ་རྒྱས་ལ་དཔོག་དཀའ་བའི་གྱོང་གུན་བཟོ་སྲིད། བོད་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དུས་མཚམས་ལ་བལྟས་ན། མ་འཇོག་ནི་སྔར་བཞིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། རྣམ་གྲངས་འཛུགས་སྐྲུན་ནི་སྔར་བཞིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། རྣམ་གྲངས་ལ་དམ་འཛིན་བྱ་རྒྱུ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ནས་དཔལ་འབྱོར་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།ཕྱོགས་གཅིག་ནས་རྣམ་གྲངས་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་གི་སྙོམ་སྒྲིག་རྩིས་ཐོ་ཡག་པོ་རྒྱག་དགོས་པ་དང་། དོན་དངོས་གནས་ཚུལ་ལ་གཞིགས་ནས་རྣམ་གྲངས་འགུག་ཐབས་དང་རྨང་གཞིའི་ལེ་ལག་ཚང་བའི་གནད་དོན་ལ་ཞིབ་འཇུག་ཡག་པོ་བྱེད་པ། རྣམ་གྲངས་གལ་ཆེན་གྱི་འགན་ལེན་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བཅས་བྱས་ནས་རྣམ་གྲངས་འགུག་ཐབས་དང་ལེགས་འགྲུབ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། ཕྱོགས་གཞན་ཞིག་ནས་མ་དངུལ་གཏོང་བ་དང་ཐོན་འབབ་ཀྱི་ཡོང་འབབ་རྩིས་ཐོ་ཡག་པོ་བརྒྱབ་ནས་ཚད་ཡོད་ཀྱི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་དེ་རྣམ་གྲངས་ཡག་པོ་དང་རྣམ་གྲངས་ཆེ་གྲས་ཐོག་སྤྱོད་པ་དང་།རྣམ་གྲངས་ཀྱི་དུས་འགོའི་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། རྣམ་གྲངས་སྔ་ཙམ་འཛུགས་སྐྲུན་དང་སྔ་ཙམ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་ཏན་ཏིག་བྱེད་དགོས།
ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན།ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས། ང་ཚོའི་མདུན་དུ་སྔར་བཞིན་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་འཕྲད་ཡོད། རང་ལྗོངས་རང་ངོས་ཀྱི་དོན་དངོས་ཐོག་ནས་བལྟས་ན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲན་སློང་དང་གོ་སྐབས་མཉམ་དུ་གནས་ཡོད། སྤྱི་ཡོངས་ནས་བལྟས་ན།གོ་སྐབས་འགྲན་སློང་ལས་ཆེ་བ་དང་ལེགས་ཆ་ཞན་ཆ་ལས་ཆེ་བ་ཡོད།དེར་བརྟེན་དགེ་སྤེལ་སྐྱོན་སྤོང་དང་དགེ་མཚན་འདོན་སྤེལ་བྱས་ཏེ་སྤྱི་ཁོག་ཐོག་ནས་ཐོན་ལས་གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་དང་།འཕེལ་ཕྱོགས།ཐོན་ལས་བཀོད་སྒྲིག ཁྲོམ་རའི་མཁོ་སྤྲོད།ཐོན་ལས་འབྲེལ་ཐག་སོགས་གསལ་པོ་བཟོ་རྒྱུར་ཤུགས་རྒྱག་དགོས་པ་དང་། ཆུང་ས་ནས་གཉེར་སྐྱོང་བྱེད་མཁན་གཙོ་བོའི་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་དང་།ཐོན་སྐྱེད་འཛུགས་སྐྲུན་གྱི་མ་གནས་སོགས་གསལ་པོ་ཤེས་པར་བྱས་ཏེ་རྒྱལ་ཁབ་ཀྱི་དགོས་མཁོ་དང་།བོད་ཀྱི་དགོས་མཁོ།མང་ཚོགས་ཀྱི་རེ་བ།འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་དང་།ཚན་རྩལ་གྲུབ་འབྲས་འཕོ་འགྱུར་དང་ལག་རྩལ་ཁྱབ་སྤེལ་དང་། བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། ནུས་རྒྱུ་གཙང་མ་དང་།སྤྱི་སྤྱོད་མཁའ་འགྲུལ།གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་སྐུལ་འདེད་གཏོང་དགོས།ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་དགོས། དེ་ཡང་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ནི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱེད་པའི་ལྟེ་བའི་གནད་དོན་ཞིག་ཡིན། ཚོང་གཉེར་གྱི་ཁོར་ཡུག་ཡག་པོ་ནི་ཐོན་སྐྱེད་ཀྱི་ནུས་ཤུགས་དང་འགྲན་རྩོད་ཀྱི་ནུས་ཤུགས་ཤིག་ཡིན་པས་ཚོང་གཉེར་གྱི་ཁོར་ཡུག་ཡག་ཐོག་ཡག་བརྩེགས་ཡོང་བར་བྱེད་དགོས།སྲིད་གཞུང་དང་ཚོང་རའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚོང་རའི་དཔལ་འབྱོར་གྱི་ཆོས་ཉིད་དང་སྲིད་འཛིན་དོ་དམ་ཟུང་འབྲེལ་དམ་ཚགས་བྱས་ཏེ། སྔར་ལས་དྲང་སྙོམས་དང་སྔར་ལས་གསོན་ཤུགས་ལྡན་པའི་ཚོང་རའི་ཁོར་ཡུག་ཧུར་ཐག་བསྐྲུན་ཚེ། ནུས་པ་འདོན་ཐུབ་ལ་དོ་དམ་ཡང་བྱེད་བདེ་བའི་འགན་ལེན་ཏན་ཏིག་བྱེད་ཐུབ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག་མགྱོགས་མྱུར་བཏོན་ནས་གཉིས་བསྡུ་གཉིས་འདྲེན་ལ་མུ་མཐུད་སྐུལ་འདེད་བཏང་ཚེ། སྲིད་གཞུང་དང་ཚོང་པ་དབར་གྱི་འབྲེལ་བ་གཙང་མ་ཞིག་ཆགས་ཐུབ་པ་དང་།ཁྲིམས་ལྟར་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དང་བྱ་སྤྱོད་ཚད་ལྡན་དུ་བཏང་ཚེ། རིགས་ཁག་གི་གཉེར་སྐྱོང་བྱེད་པོ་གཙོ་བོས་བློ་བདེ་པོས་མ་འཇོག་བྱེད་པ་དང་། བློ་བདེ་པོས་ལས་རིགས་དར་སྤེལ་གཏོང་བ། ལས་གཏོད་བྱེད་བདེ་བ། འཚོ་བ་སྐྱིད་པོ་བཅས་ཡོང་བར་བྱེད་ཐུབ།
ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནང་ཁུལ་འཁོར་རྒྱུག་དང་ཕྱི་རོལ་འཁོར་རྒྱུག་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྒོ་དབྱེའི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་དགོས། དེ་ཡང་སྒོ་འབྱེད་པ་ནི་ཚོང་རའི་དཔལ་འབྱོར་གྱི་ངོ་བོའི་ཁྱད་ཆོས་ཡིན་ཞིང་། སྒོ་འབྱེད་པའི་ས་ཁུལ་ལ་གསོན་ཤུགས་ཆེ་ཤོས་ལྡན་པ་དང་། སྒོ་འབྱེད་པའི་དཔལ་འབྱོར་ལ་འགྲན་རྩོད་ཀྱི་ནུས་པ་ཆེ་ཤོས་ལྡན་ཡོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་ན།ནུབ་རྒྱུད་གསར་སྤེལ་ཆེན་པོའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ། ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་ཧུར་ཐག་གཏོད་པ།རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་ཧུར་ཐག་བཅས་བྱེད་དགོས། བོད་ནི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་འཐབ་ཇུས་ཀྱི་ངེས་གནས་དེར་གཞི་ཚུགས་ཏེ་མི་སྣ་དང་དངོས་ཟོག་སྤེལ་རེས་དང་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་དོན་བགྲོད་ལམ་གྱི་ནུས་པ་རིམ་པ་མཐོ་རུ་བཏང་ནས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། གཞིས་ཀ་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་སྐྱིད་གྲོང་གི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྒྱལ་མཚམས་བརྒལ་བའི་ཚོང་ཟོག་ཉོ་ཚོང་བསྡུ་འགྲེམས་ལྟེ་གནས་གཏོད་པ།མཐའ་མཚམས་རྒྱུད་ཀྱི་འགག་སྒོའི་གྲོང་ཁྱེར་གཙོ་བོ་དང་ལྷ་ས་མཉམ་འགུལ་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་རྒྱུད་གཅིག་ལམ་གཅིག་ལ་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་སྔར་ལས་ལེགས་པར་བྱེད་དགོས།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社