分享按钮

2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)རང་གྲོང་གིས་གཙོ་གནད་དུ་གསོ་སྐྱོང་དང་ནུས་ཤུགས་ཡོད་རྒུས་བཏོད་པའི་ས་མཐོའི་སྤུས་རྟགས་ལུས་རྩལ་འགྲན་བསྡུར་ཞིག་ཡིན་པའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱུང་རྒྱུག་དེ་འགྲན་བསྡུར་གྱི་རིམ་པ་དང་། འགྲན་བསྡུར་གྱི་གཞི་ཁྱོན། འགྲན་བསྡུར་གྱི་སྤུས་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་ཆབས་ཅིག་ལུས་རྩལ་གྱི་སྙིང་སྟོབས་བརྒྱུད་སྤྲོད་དང་། ལྷ་སའི་གཟུགས་བརྙན་མངོན་པ། འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་མིང་བྱང་མཛེས་པོ་ཞིག་ཏུ་གྱུར་ཡོད། ལྷ་སར་ཡུལ་སྐོར་དང་། ལྷ་སར་རོལ་བ། ལྷ་སར་ཡུན་རིང་གི་ལོ་རྒྱུས་རིག་གནས་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་མྱོང་རོལ་བཅས་བྱས་ནས་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་པ། མཛའ་གྲོགས་ཡག་པ། བདེ་འཇགས་ངང་འགྲན་བསྡུར་མཇུག་འགྲིལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་ལ་འགྲན་ལམ་ཇུས་འགོད་གསར་རྐྱང་སྤྱད་པས་འགྲན་བསྡུར་ནང་ཞུགས་མཁན་མི་གྲངས་དང་འགྲན་བསྡུར་གྱི་གཞི་ཁྱོན་ཚང་མ་ལོ་རྒྱུས་ཐོག་གི་མཐོ་ཤོས་བཏོད་ཡོད་པ་རེད། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་རྣམས་བུམ་པ་རིའི་སྤྱི་གླིང་དང་། ལྷོ་རིའི་སྤྱི་གླིང་། ནོར་བུ་གླིང་ཁ། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ཕོ་བྲང་པོ་ཏ་ལ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་མང་པོ་བརྒྱུད་རྒྱུ་ཡིན་པ་དང་འགྲན་བསྡུར་ལམ་རྒྱུད་ཀྱི་གང་སར་མཛེས་ལྗོངས་ཀྱི་རི་མོ་རེ་རེ་བཞིན་བྲིས་ནས་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པར་བརྗེད་པར་དཀའ་བའི་ས་མཐོའི་འགྲན་བསྡུར་གྱི་མྱོང་ཚོར་ཞིག་ཡོང་རྒྱུ་རེད།

རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་དང་། ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ཀྲེང་ཝེ་གོ་དང་ཧན་ཡུན་ཧྲོན། ཀྲེན་ཅང་གྲོང་ཁྱེར་ལུས་རྩལ་ཅུས་ཏང་ཙུའི་ཧྲུའུ་ཅི་ཞུས་པིང་ཧུའེ། གར་སྟབས་རྐྱལ་རྩེད་ནང་འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་ཅང་ཝུན་ཝུན་དང་ཅང་ཐིང་ཐིང་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-19 6 6 拉萨日报藏文 c186431.html 1 2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་འགོ་ཚུགས་པ། /enpproperty-->