(པར་ངོས་གཉིས་པར་མཐུད)གྲངས་གཞིའི་ཐོན་དབང་ཁོངས་གཏོགས་ངོས་འཛིན་དང་། ཁྲོམ་རའི་ཉོ་ཚོང་། ཁེ་དབང་བགོ་བཤའ། ཁེ་ཕན་སྲུང་སྐྱོང་བཅས་ཀྱི་ལམ་ལུགས་མགྱོགས་མྱུར་བཙུགས་ཏེ། གྲངས་གཞི་ནུས་ཆེ་དང་སྟབས་བདེའི་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་གྲངས་གཞི་འབོར་ཆེན་དང་ཉེར་སྤྱོད་རྣམ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས། གསུམ་ནས་སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། ལས་སྟེགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་པ་དང་ལས་སྟེགས་ལས་གཉེར་པ་སོགས་འབྲེལ་ཡོད་ཚོགས་སྤྱིའི་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། ཚོང་རའི་སྒྲིག་ལམ་སྲུང་སྐྱོང་སྔར་ལས་ལེགས་པར་བྱས་ཏེ། གསར་གཏོད་དང་གསར་སྐྲུན་ལ་སྐུལ་མ་གཏོང་དགོས། བཞི་ནས་ཚོང་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་སྟེ། ལས་སྟེགས་དཔལ་འབྱོར་གྱི་སྡེ་ཚན་ལས་བརྒལ་བའི་ལྟ་སྐུལ་དོ་དམ་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ས་ཁོངས་ལས་བརྒལ་བ་དང་རིམ་པ་ལས་བརྒལ་བའི་ལྟ་སྐུལ་དོ་དམ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། ཚོང་རའི་ནང་ཞུགས་འཐུས་དང་། དྲང་གཞག་འགྲན་རྩོད། དྲ་རྒྱའི་བདེ་འཇགས་ཞིབ་བཤེར་སོགས་ཀྱི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལས་དོན་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས་པ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社