分享按钮

ཟླ་7པར་རྒྱལ་ཡོངས་སུ་གློག་སྒུལ་སྦག་སྦག་དང་འབྲེལ་བའི་མེ་སྐྱོན་ཐེངས་1402ཐོན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་16ཉིན་གློག་འཕྲིན་འབྱོར་གསལ།ཚེས་16ཉིན་གསར་འགོད་པས་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་7པར་རྒྱལ་ཡོངས་སུ་གློག་སྒུལ་སྦག་སྦག་གི་མེ་སྐྱོན་1402ཐོན་ཞིང་། གློག་གསོག་གློག་སྨན་གྱི་དྲོད་ཚད་ལ་ཚོད་འཛིན་མི་ཐུབ་པ་ནི་རྒྱུ་རྐྱེན་གཙོ་བོ་ཡིན་པ་རེད། དེ་དང་ཆབས་ཅིག་གྲོང་མིའི་བདེ་འཇགས་འདུ་ཤེས་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད།

རྒྱལ་ཡོངས་ཀྱི་གློག་སྒུལ་སྦག་སྦག་གི་བདེ་འཇགས་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལས་དོན་ཚོགས་ཆུང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན།མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ལ་བལྟས་ཚེ།ཟླ་7པར་གློག་སྨན་ལ་སྐྱོན་ཤོར་བའི་རྐྱེན་གྱིས་མེ་སྐྱོན་ཐེངས་758ཐོན་ཞིང་།དེའི་བརྒྱ་ཆ་65.6ནི་གློག་སྨན་གྱི་དྲོད་ཚད་ལ་ཚོད་འཛིན་མ་ཐུབ་པ་དེས་བཟུང་བ་དང་།བརྒྱ་ཆ་31ནི་གློག་སྐུད་ལ་སྐྱོན་ཤོར་བ་དེས་བཟུང་ཡོད། དེ་གཉིས་ནི་གློག་སྒུལ་སྦག་སྦག་ལ་མེ་སྐྱོན་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་རེད། དོ་སྣང་བྱེད་རིན་ཡོད་པ་ཞིག་ལ་གློག་སྒུལ་སྦག་སྦག་བཞག་ནས་གློག་གསོག་གི་མེད་ཀྱང་མེ་སྐྱོན་ཐེངས་639ཐོན་པ་དེས་བསྡུར་ཚད་ཀྱི་བརྒྱ་ཆ་45.6བཟུང་བ་དེ་ཡིན།

གྲངས་གཞི་ལས་མངོན་པར། ཟླ་7པར་བཟོ་བཅོས་བྱས་པའི་གློག་སྒུལ་སྦག་སྦག་116ལ་མེ་སྐྱོན་ཐོན་པའི་ནང་ཤོང་ཚད་ཆེ་བའི་གློག་གསོག་གློག་སྨན་བརྗེས་པའི་གློག་སྒུལ་སྦག་སྦག་67ཡོད། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བཟོ་བཅོས་བྱས་རྗེས་ཀྱི་གློག་སྒུལ་སྦག་སྦག་གི་གློག་རྫས་དང་གློག་ཤུགས་སྐུད་ལམ་ལ་མེ་སྐྱོན་གྱི་ལས་འཛོལ་ཐོན་ཚད་ཅུང་མཐོ་བ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་མི་ཤི་བའི་མེ་སྐྱོན་གྱི་ལས་འཛོལ་ཅུང་མང་བ་ཐོན་པ་ནི་བཟོ་བཅོས་བྱས་པའི་གློག་སྒུལ་སྦག་སྦག་ལ་མེ་སྐྱོན་ཤོར་བའི་རྐྱེན་གྱིས་རེད། མིག་སྔར་ས་གནས་ཁག་གིས་བྱ་སྤྱོད་སྤེལ་ནས་སྒྲིག་འགལ་ངང་གློག་སྒུལ་སྦག་སྦག་བཟོ་བཅོས་དང་ཁྲིམས་འགལ་ངང་གློག་སྒུལ་སྦག་སྦག་གི་ལྷུ་ལག་རྫུན་མ་དང་སྤུས་ཞན་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བཞིན་ཡོད།

གཞན་ཡང་ཟླ་7པར་ཕྱི་རོལ་གྱི་གློག་སྒུལ་སྦག་སྦག་འཇོག་སའི་ཐོག་ཁེབས་ལ་མེ་སྐྱོན་ཐེངས་205ཐོན་པ་དང་བར་ཁྱམས་ནང་མེ་སྐྱོན་ཐེངས་52ཐོན་པ་ལས་གློག་སྒུལ་སྦག་སྦག་ལ་མེ་ཤོར་ནས་མི་ཤི་བའི་ལས་འཛོལ་ཐོན་མེད་པ་རེད། གྲངས་གཞི་ལས་མངོན་པར། གྲོང་མིས་ཁང་པའི་ནང་གློག་སྒུལ་སྦག་སྦག་འཇོག་པ་དང་གློག་གསོག་པའི་བྱ་སྤྱོད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དེ་ཐོག་ནས་རྒྱུན་མཐུད་ངང་བདེ་འཇགས་དྲིལ་བསྒྲགས་དང་དོ་དམ་ཚོད་འཛིན་ལ་ཕན་འབྲས་རགས་ཙམ་ཐོབ་པ་མཚོན་གྱི་ཡོད།

རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ད་ལྟའི་དུས་མཚམས་སུ་ཁང་པའི་ཕྱི་རོལ་གྱི་གཅིག་སྡུད་གློག་གསོག་ས་ཚིགས་བལྟོས་བཅས་ཀྱིས་ཉུང་བ་དང་གཅིག་སྡུད་གློག་གསོག་འགྲོ་གྲོན་བལྟོས་བཅས་ཀྱིས་མཐོ་ཙམ་ཡོད། རྒྱལ་ཡོངས་ཀྱི་གློག་སྒུལ་སྦག་སྦག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལས་དོན་ཆེད་དོན་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་ཁག་དང་མཐུན་སྦྱོར་བྱས་ནས་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱེད་བཞིན་ཡོད་པར་མ་ཟད། འབྲེལ་ཡོད་བྱ་ཐབས་དོན་འཁྱོལ་བྱས་ནས་མགྱོགས་མྱུར་འཕེལ་རྒྱས་ཡོང་བའི་བརྩོན་ལེན་བྱས་ཏེ་མང་ཚོགས་ལ་བདེ་འཇགས་ལྡན་པའི་གློག་གསོག་ཆ་རྐྱེན་མཁོ་འདོན་བྱེད་བཞིན་ཡོད་ཅེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-19 6 6 拉萨日报藏文 c186427.html 1 ཟླ་7པར་རྒྱལ་ཡོངས་སུ་གློག་སྒུལ་སྦག་སྦག་དང་འབྲེལ་བའི་མེ་སྐྱོན་ཐེངས་1402ཐོན་པ། /enpproperty-->