分享按钮

རྒུན་ འབྲུམ་ ར་བས་ ཆུ་གྲོན་ ཆུང་ གང་ ཐུབ་ བྱས་པ།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས) ཉིང་ཞ་ཧོ་ལན་རི་བོའི་ཤར་འདབས་རྒུན་འབྲུམ་ཨ་རག་ཐོན་ཁུལ་ནི་འཕྲེད་ཐིག་བྱང་མའི་ཏུའུ་38ཡི་ཉེ་འགྲམ་དུ་གནས་ཤིང་། ཉི་འོད་ཕུན་སུམ་ཚོགས་པ་དང་། ས་རྒྱུའི་རང་བཞིན་བཟང་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ། རྨ་ཆུའི་ཆུ་འདྲེན་བདེ་བ་བཅས་ཀྱི་དགེ་མཚན་འཛོམས་ཡོད། ཉེ་བའི་ལོ་ཤས་རིང་། རྨ་ཆུའི་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། དབྱིན་ཁྲོན་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་རྒུན་འབྲུམ་ར་བ་ཧུར་ཐག་བཏོད་པ་དང་།རིག་ནུས་ཅན་གྱི་ནུས་པ་སྤྱད་ཅིང་ཚོར་འདྲེན་འཕྲུལ་ཆས་སྣ་ཚོགས་ལ་བརྟེན་ནས་ཆང་བསྙལ་བྱའི་རྒུན་འབྲུམ་གྱི་སྐྱེ་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། གནད་ལ་འཁེལ་པོས་ཆུ་དྲངས་པས་རྨ་ཆུའི་ཆུ་ལ་གྲོན་ཆུང་གང་ཐུབ་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་དབྱིན་ཁྲོན་གྲོང་ཁྱེར་གྱི་ཆང་བསྙལ་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་ཆུ་གྲོན་ཆུང་གི་ནུས་ཆེ་བའི་མ་ལག་གཞི་རྩའི་ཆ་ནས་ཁྱབ་པ་དང་། རྒུན་འབྲུམ་ར་བའི་རིག་ནུས་ཅན་གྱི་ཆུ་འདྲེན་མ་ལག་གིས་ཆུ་གྲོན་ཆུང་བརྒྱ་ཆ་30ཙམ་ཐུབ་ཡོད། པར་འདི་ནི་ཟླ་8ཚེས་15ཉིན། ལག་རྩལ་པ(གཡོན)དང་ཨ་རག་ཁང་གི་ལས་དོན་པས་ཧོ་ལན་རི་བོའི་ཤར་འདབས་དབྱིན་ཁྲོན་གྲོང་ཁྱེར་ཤིས་ཞ་ཆུས་སུ་གནས་པའི་ཀྲི་ཧུའེ་ཡོན་ཧྲི་ཨ་རག་ཁང་དུ་རྒུན་འབྲུམ་ལོ་མའི་དྲོད་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-19 6 6 拉萨日报藏文 c186426.html 1 རྒུན་ འབྲུམ་ ར་བས་ ཆུ་གྲོན་ ཆུང་ གང་ ཐུབ་ བྱས་པ། /enpproperty-->