分享按钮

(པར་ངོས་དང་པོར་མཐུད)ཁྲུང་ཆིང་ནས་ཡོང་བའི་ཡུལ་སྐོར་བ་ཕན་ལགས་ཀྱིས་ཕོ་བྲང་པོ་ཏ་ལའི་འདབས་རོལ་ནས་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་སྐོགས་མེད་འཕྲིན་ཤོག་ཉོས་ནས་ནང་མི་དང་གྲོགས་པོ་ཚོར་ཡི་གེ་བསྐུར་རྒྱུ་ཡིན།སྐོགས་མེད་ཕྲིན་ཤོག་ལ་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་སྦྲག་ཐམ་ཡོད་པས་དངོས་གནས་དགའ་འོས་པ་ཞིག་རེད་ཅེས་བཤད།

སྐོགས་མེད་འཕྲིན་ཤོག་ཕུད།“མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་གཙོ་དོན་སྦྲག་ཁང་ཕོ་བྲང་པོ་ཏ་ལའི་ཚོང་ཁང་གིས་ད་དུང་ལོ་ཟླའི་སྦྲག་ཁང་ས་ཁོངས་ཆེད་མངགས་བཙུགས་ནས་ལོ་ཁ་ཤས་སམ་ཡང་ན་ལོ་བཅུ་ཕྲག་ཁ་ཤས་རྗེས་ཀྱི་རང་ཉིད་ལ་ཡི་གེ་འབྲི་ཆོག་གི་ཡོད། ལོ་ལྟར་ཚབ་གཉེར་གྲོན་དངུལ་སྒོར་བཅུ་ལྷག་ཙམ་སྤྲད་ཚེ་སྦྲག་ཁང་གི་ལས་དོན་པས་ཁ་ཆད་ལྟར“ཡུལ་དུས་བརྒལ་བའི”འཕྲིན་ཡིག་དེ་འབྱུང་འགྱུར་ཁྱེད་ལ་བསྐུར་རྒྱུ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན།“མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་གཙོ་དོན་སྦྲག་ཁང་ལ་འདྲི་རྩད་ཞབས་ཞུ་དང་། ཐོན་རྫས་ཞིབ་དཔྱད་སོགས་ས་ཁོངས་ཆེ་གྲས་ལྔ་བཀོད་སྒྲིག་བྱས་ཡོད་པས། ཡུལ་སྐོར་བའི་ངལ་གསོ་དང་། བློ་འདྲི། འཛད་སྤྱོད། ཉམས་ལེན་སོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། མིག་སྔར་རང་གྲོང་གི་ཡུལ་སྐོར་ཁྲོམ་རར་འགྲུལ་རྒྱུན་མང་ཤོས་ཀྱི་དུས་མཚམས་ཡིན་པས། ཡུལ་སྐོར་བ་དེ་བས་མང་བས“མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་གཙོ་དོན་སྦྲག་ཁང་དུ་བསྐྱོད་དེ་མཛེས་སྡུག་ལྡན་པའི་ལྷ་ས་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲོགས་པོར་སྨོན་འདུན་ཞུ་བཞིན་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-19 6 6 拉萨日报藏文 c186425.html 1 /enpproperty-->