(པར་ངོས་དང་པོར་མཐུད)ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ཆེ་རུ་བཏང་སྟེ་ཚོང་དུད་སྡེ་ཁུལ་དང་མཉམ་འདྲེས་ཐུབ་པ་དང་།ཐོན་ཁུངས་ཕན་ཚུན་མཉམ་སྤྱོད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་རེད།
འཁོར་སྐྱོད་ཀྱི་ལས་སྟེགས་ཡག་པོ་བསྐྲུན་ནས་རྒྱུ་རྐྱེན་གཙོ་བོ་ཧྲིལ་པོའི་ཞབས་ཞུ་དོ་དམ་ཡག་པོ་བྱས་པ།
ཞབས་ཞུའི་སྤུས་ཚད་དང་མཚན་སྙན་ལ་འགན་སྲུང་བྱ་རྒྱུ་དེ་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་།གྲོང་ཁྱེར་དོ་དམ།འཕྲོད་བསྟེན་བདེ་ཐང་སོགས་ཀྱི་ཚན་པ་དང་འབྲེལ་མཐུད་བྱས་ཏེ་ཚོང་པའི་ཡིད་རྟོན་གཉེར་སྐྱོང་དང་སྒྲིག་ཁྲིམས་བརྩི་སྲུང་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ《བདེ་སྐྱིད་སྡེ་ཁུལ་ཞབས་ཞུའི་མནའ་འབྲེལ་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་ནས་ཞབས་ཞུ་བྱེད་སྟངས་དང་།ལན་འདེབས་པའི་དུས་ཚོད།རིན་གོང་གཟིགས་སྐྱོང་།དོ་དམ་བྱེད་སྟངས།རྒྱབ་སྐྱོར་དང་འགན་སྲུང་ཐད་ཀྱི་ནང་དོན་དང་དོན་ཚན་ཁ་གསལ་བཟོས་ནས་གྲོང་མིས་དཔྱད་ཞིབ་དང་སྡེ་ཁུལ་གྱིས་བསྐྱར་ཞིབ་བྱེད་པའི་ལམ་སྲོལ་ལག་བསྟར་བྱེད་པ།མནའ་འབྲེལ་ཁོངས་མིའི་ཕྱིར་གཏོང་ལ་འགོག་རྐྱེན་མི་བཟོ་བ།མནའ་འབྲེལ་ཁོངས་མིས་དྲ་ཐོག་དང་དྲ་ཕྱིའི་བྱེད་སྟངས་ཐོག་ནས་གྲོང་མི་མང་ཚོགས་ལ་སྤུས་ལེགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད།
གཞན་ཡང་།མང་ཚོགས་ཀྱིས་མཐེབ་གཅིག་གི་ཐོག་ནས་རྩིས་ཐོ་མངགས་པ་དང་།སྡེ་ཁུལ་གྱིས་མཐུན་སྦྱོར་ཐོག་རྩིས་ཐོ་སྐྱེལ་བ།མནའ་འབྲེལ་ཁོངས་མིས་རྩིས་ཐོ་ལེན་པ།ཐག་གཅོད་བྱས་འབྲས་ལན་སྤྲོད་བྱེད་པ་སོགས་ཀྱི་ནུས་པ་ཚུད་པའི་ཕྱོགས་གཅིག་རྣམ་པའི་གདུབ་ཟུམ་དོ་དམ་གྱི་སྡེ་ཁུལ་ཞབས་ཞུའི་མནའ་འབྲེལ་གྱི་སྐད་འཕྲིན་གྱི་གོ་རིམ་ཆུང་ངུ་བཙུགས་ནས་གྲོང་མིས་དྲ་ཐོག་ནས་རྩིས་ཐོ་མངགས་པ་དང་།ཚོང་དུད་ཀྱིས་དགོས་མཁོར་གཞིགས་ནས་དུས་མཚམས་མི་འདྲ་བར་སྒོ་རྩར་ཞབས་ཞུ་དང་དྲ་ཕྱི་ནས་སྔོན་མངགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པས་གྲོང་མིའི་སྒུག་པའི་དུས་ཚོད་ཐུང་དུ་ཕྱིན་པར་མ་ཟད།ཚོང་དུད་ཀྱི་གཉེར་སྐྱོང་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།སྤྱི་ཚོགས་ལས་བཟོ་བས་དུད་ཚང་དུ་བཅར་འདྲི་དང་མངོན་མེད་རྐྱེན་ངན་གྲལ་བཤེར།འགལ་བ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་དུད་ཚང་རེ་རེ་བཞིན་དུ“རྩ་གཉིས་ཨང་རྟགས”པར་སྐྲུན་བྱས་པའི་ཞབས་ཞུའི་མནའ་འབྲེལ་ཚོགས་མིའི་གཱ་6000ལྷག་ཙམ་སྤྲད་དེ་ཡུལ་མིའི་ཚོགས་མིའི་འདུ་ཤེས་ཟབ་ཏུ་བཏང་བར་མ་ཟད།རྒྱུན་རྣམ་ཅན་གྱི་སྒོ་རྡུང་དྲིལ་བསྒྲགས་དང་།ཆ་སྒྲིག་གཉེན་འཚོལ་གྱི་བྱ་ཐབས་བརྒྱུད་ཡི་གེ་མི་ཤེས་པ་དང་དྲ་བར་ཞུགས་མི་ཤེས་པའི་རྒན་རྒོན་ལ་དུས་ཐོག་དང་ནུས་ལྡན་ངང་བརྒྱ་ཟོག་ཚོང་ཁང་དང་།བཟའ་བཏུང་ཡུལ་སྐོར།སྐྲ་བཞར་མཛེས་བཟོ་སོགས་ཚུད་པའི་འཚོ་བའི་ཞབས་ཞུ་ལོངས་སུ་སྤྱོད་རོགས་བྱས་ཡོད།མིག་སྔའི་བར།གྲོང་མིར་དངོས་པོ་རྙིང་པ་ཚུར་བསྡུ་དང་།གྱོན་གོས་རྙིང་པ་གཙང་འཁྲུད།སྦུབས་ལམ་གཤོང་བ་སོགས་ཀྱི་དམངས་ཕན་ཞབས་ཞུ་ཐེངས་150ལྷག་ཙམ་བསྒྲུབས་ཡོད།
གཞི་རྟེན་འགན་སྲུང་མཐའ་འཁྱོངས་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གཉེར་སྐྱོང་རྣམ་པ་འཐུས་ཚང་དུ་བཏང་བ།
བདེ་སྐྱིད་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་བྱེད་སྒོའི་གྲོན་དངུལ་དང་།གྲོང་ཚོར་བཅའ་སྡོད་ལས་ཀའི་གྲོན་དངུལ།ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ས་ཚིགས་ཀྱི་སྤྱི་ཕན་མ་དངུལ་སོགས་སྔར་བས་གཅིག་གྱུར་འཆར་འགོད་བྱས་ནས་ལོ་རེར་སྒོར་ཁྲི་10ཡི་སྡེ་ཁུལ་ཞབས་ཞུའི་རྣམ་གྲངས་ཀྱི་མ་དངུལ་མཛོད་བཙུགས་ཏེ།སྡེ་ཁུལ་ཞབས་ཞུའི་མནའ་འབྲེལ་གྱི་འཁོར་སྐྱོད་གྲོན་དངུལ་དང་དམིགས་བསལ་ཚོགས་སྤྱིའི་ཞབས་ཞུ་འགན་ལེན་གྱི་གྲོན་དངུལ་དུ་བརྩིས་ཡོད།ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་དང་།Vས་ཚིགས།ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་སོགས་སྤྱི་སྤྱོད་བར་མཐོངས་ཀྱི་སྤྱི་ཕན་བྱེད་སྒོ་དང་སྤྱི་ཕན་ཞབས་ཞུ་བརྒྱུད།བདེ་ཐང་ཁུལ་དང་སྐོར་སྐྱོད་ས་ཚིགས་བཙུགས་ནས་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་དང་།དམངས་ཕན་སྐྲ་བཞར།སོས་པ་མངགས་ཉོ་སོགས་དམངས་ཕན་ཞབས་ཞུ་བསྒྲུབས་ཏེ་མནའ་འབྲེལ་ཁོངས་མིར་རྒྱབ་སྐྱོར་བྱེད་པ་དང་མནའ་འབྲེལ་ཚོང་དུད་ཀྱི་ཐོན་ཁུངས་རྒྱ་ཆེར་གཏོང་བ།གཅིག་མཐུན་ཚོགས་པའི་རྣམ་པའི་ཐོག་ནས་སྡེ་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་སྒྲིག་བཀོད་ཀྱི་བར་མཐོངས་མཉམ་སྤྱོད་དང་ཐོན་ཁུངས་མཉམ་སྤྱོད།ཞབས་ཞུ་མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་ནས་སྐར་མ་15ཡི་དམངས་ཕན་ཞབས་ཞུའི་འཁོར་རྒྱར་དེ་བས་སྦྲེལ་མཐུད་ལེགས་པོ་བྱས་ཡོད།དམངས་སྲིད་དང་གཉིས་གཏོད་སྦྱོང་བརྡར་ལྟེ་གནས་སོགས་ཀྱི་ཚན་པར་རང་འགུལ་ངང་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ་མཛུབ་ཁྲིད་རོགས་རམ་བྱས་པ།སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་དང་དང་བླངས་ཞབས་ཞུའི་རུ་ཁག་སོགས་གཙོ་བོར་བྱས་ཏེ་སྡེ་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་གསོ་སྐྱོང་ཤུགས་ཆེན་བྱས་ནས་སྡེ་ཁུལ་ཏང་ཨུད་ཀྱིས་མཛུབ་སྟོན་དང་སྤྱི་ཚོགས་རྩ་འཛུགས་དང་སྡེ་ཁུལ་ཚོང་དུད་ཧུར་ཐག་ཞུགས་པ།སྡེ་ཁུལ་གྱི་ལས་དོན་པ་དང་དང་བླངས་པའི་མཐུན་སྦྱོར་ནུས་ལྡན་བྱེད་པ།སྡེ་ཁུལ་གྱི་ཞབས་ཞུའི་རྣམ་གྲངས་ཀྱི་མ་དངུལ་འགན་ལེན་བྱེད་པ་བཅས་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་ལམ་སྲོལ་བཟང་པོ་ཞིག་ཆགས་ཡོད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社