(པར་ངོས་དང་པོར་མཐུད)དེ་བཞིན་ཞབས་ཞུའི་ལེ་ལག་ཚང་བའི་ལས་དོན་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། འབྲེལ་ཡོད་ས་ཁོངས་དང་ཚན་པར་འཕྲལ་སྒྲུབ་འཕྲལ་བཅོས་དང་ཕན་འབྲས་ཐོན་པར་བྱེད་དགོས་པའི་བླང་བྱའང་བཏོན་གནང་བ་རེད། སྲང་ལམ་ལ་དོ་དམ་ནན་པོ་བྱེད་བཞིན་པའི་ཅང་སུའུ་ལམ་དུ་ཀྲའོ་ཧུའེ་ཉན་གྱིས་གློག་སྒུལ་སྦག་སྦག་འཇོག་ཚུལ་དང་། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཀྱི་གཙང་སྦྲ། གཞུང་ལམ་ཐོག་ཐིག་རྒྱག་ཚུལ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཅང་སུའུ་ལམ་དུ་གནས་པའི་སློབ་འབྲིང་དང་པོའི་ཉེ་འགྲམ་དུ་ཁོང་གིས་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་། དེ་བཞིན་གཞོན་ནུ་དང་བླངས་པ་ཁག་གཅིག་དང་མཉམ་དུ་གྲོང་མི་ཁག་གཅིག་གིས་གློག་སྒུལ་སྦག་སྦག་བཞོན་སྐབས་བདེ་འཇགས་ཞྭ་མོ་གྱོན་མེད་པ་དང་། གཞུང་ལམ་སྒྲོལ་སྐབས་གློག་དམར་བརྒལ་བ་སོགས་ཀྱི་ཚུལ་མིན་བྱེད་སྤྱོད་ལ་བཅོས་སྒྲིག་གནང་བ་རེད། ལྷ་སའི་མཐོ་གསར་ཁུལ་དུ་ཀྲའོ་ཧུའེ་ཉན་གྱིས་དུས་ཐོག་ཏུ་གཏོར་སྐྱོན་ཕོག་པའི་དྲིལ་བསྒྲགས་བརྡ་ཁྱབ་དང་དྲིལ་བསྒྲགས་ནང་དོན་གསར་དུ་བརྗེ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་སྲིད་གཞུང་གི་སྒྲིག་བཀོད་དང་གཞུང་ལམ་འགྲིམ་འགྲུལ་ནི་གྲོང་ཁྱེར་གྱི་ཕྱོགས་བསྡུས་ནུས་པ་དང་གྲོང་མིའི་འཚོ་བའི་སྤུས་ཚད་ཀྱི་འགག་རྩ་ཞིག་ཡིན་པས། ངེས་པར་དུ་ཚད་མཐོའི་འཆར་འགོད་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་མཐའ་འཁྱོངས་བྱས་ཏེ།ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུ་ཞིབ་ཚགས་སུ་གཏོང་དགོས་ཞེས་གསུངས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་འབྲེལ་ཡོད་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་བབ་མཐོ་རུ་གཏོང་བ་དང་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་།ནུས་ཤུགས་རྒྱུན་མཐུད་འདོན་པ་དང་། གནད་སྨིན་ཤུགས་འདོན་གྱིས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་ཁག་བགོས་དང་། ཁ་གསལ་བཟོ་བ། བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་པོ་བཅས་བྱས་ཏེ། ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ་དཀའ་གནད་དང་འགག་གནད་ལས་སྒྲོལ་བར་བྱས་ནས་རྒྱུན་རྣམ་ཅན་གྱི་དོ་དམ་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས་པ།ཐུན་མོང་ཐོག་ཞི་མཐུན་དང་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་ཅིག་ཀྱང་གཏོད་དགོས་པ། བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོའི་སྒོ་ནས་སྲང་ལམ་ལ་དོ་དམ་ནན་པོ་བྱ་རྒྱུ་དེ་རྒྱུན་རྣམ་ཅན་གྱི་ལས་ཀར་བརྩིས་ཏེ།འཕྲུལ་སྒུལ་འཁོར་རིགས་དང་།འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་པའི་གནད་དོན་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དོ་དམ་ནན་པོ་བྱེད་དགོས་པ། སྤྱི་སྤྱོད་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུགས་ལ་གཙང་སྦྲ་བྱེད་ཐེངས་མང་དུ་བཏང་ནས་གྲོང་མིར་དེ་བས་གཙང་ཞིང་གྲལ་འགྲིག་ལ་སྐྱིད་སྣང་དོད་པའི་ཕྱིར་སྐྱོད་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་ཕན་འབྲས་གསར་པ་དེ་བས་མང་བ་ཐོབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社