ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཏང་ཙུའི་ཚོགས་འདུ་དང་རང་སྦྱོང་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བར་བྱས་ཤིང་། ཚང་མས་ཚང་འཛོམས་གྲོས་ཚོཊ་ཀྱི་དགོངས་དོན་གལ་ཆེན་དང་ཕུན་སུམ་ཚོགས་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་དགོངས་དོན་འདི་ཉིད་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རང་འཁྲིའི་ལས་ཀའི་ཁྲོད་ལག་བསྟར་བྱས་ཏེ། ལྷ་སའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། འགྲིམ་འགྲུལ་ཤར་གཏོང་ཐད་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། འགྲོ་ལམ་འགྲིམ་འགྲུལ་དྲ་བ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཕྱིས་འབྱུང་། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དེ་དེང་རབས་ཅན་གྱི་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་སྟོབས་ཤུགས་ཆེན་མོར་འགྱུར་བར་བྱས་ཐོག ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན་པ་རེད།
གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞི་ཝུན་པོས་ང་ཚོའི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་དམིཊ་ནས་ལྷ་སའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གི་སྤུས་ཚད་མཐོ་བོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རྣམ་གྲངས་ལ་དམ་འཛིན་བྱ་རྒྱུ་ནི་དཔལ་འབྱོར་ལ་དམ་འཛིན་བྱེད་པ་ཞིག་ཡིན་པའི་སྐོར་གྱི་ཚན་རིག་དང་མཐུན་པའི་རྣམ་བཤད་ཡིན་པས། རྣམ་གྲངས་ཀྱི་དུས་འགོའི་གསོག་འཇོག་མང་དུ་བཏང་ཡོད། མིག་སྔར། ལྷ་སའི་གྲོང་སྐོར་མྱུར་བགྲོད་གཞུང་ལམ་དང་། G501རྒྱལ་ལམ་གྱི་མྱུར་བགྲོད་གཞུང་ལམ། གཙང་འགྲམ་ལམ། རིག་ནུས་འཁོར་ལམ་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གྲབས་གསོག་བྱས་ཟིན་པ་དང་། གྲབས་གསོག་རྣམ་གྲངས་ལ་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་100བཏང་ཡོད། ཕྱིས་འབྱུང་། ང་ཚོས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུ་དང་། རྣམ་གྲངས་དོན་འཁྱོལ་བྱེད་མགྱོགས་སུ་བཏང་སྟེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད། འགྲིམ་འགྲུལ་གྱི་སྟོབས་ཤུཊ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་བཞི་པའི་རུ་དཔོན་གཞོན་པ་རྡོ་རྗེ་དགྲ་འདུལ་གྱིས་ང་ཚོས་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འཛིན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རིགས་གཅིག་མཁས་ཅན་གྱིས་འགྲིམ་འགྲུལ་ཁྲིམས་འཛིན་གྱི་ཚན་རྩལ་ཆུ་ཚད་མུ་མཐུད་ནས་མཐོ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུ་ལེགས་སུ་བཏང་ནས་རྒྱུན་གཏན་གྱི་ལས་དོན་ཁྲོད་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་། འགྲིམ་འགྲུལ་ཁྲིམས་འཛིན་ལས་དོན་གྱི་དཀའ་གནད་དང་འགག་གནད་དག་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ་མང་ཚོགས་ཕྱིར་སྐྱོད་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社