分享按钮

ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས།

སྣ་མང་ཅན་གྱི་ཚན་རྩལ་ཁྱབ་གདལ་དུ་གཏོང་བར་ནུས་ཤུཊ་བཏོན་ནས་དམངས་ཡོངས་ཀྱི་ཚན་རིག་གི་བྱང་ཚད་མཐོ་རུ་བཏང་བ།

འདི་ལོའི་ཚུན་དུ། ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས་དམངས་ཡོངས་ཀྱི་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ཀྱི་འཆར་གཞིར་མུ་མཐུད་ནས་སྐུལ་འདེད་བཏང་བ་དང་། ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྤེལ་བ། ཚན་རྩལ་ཁྱབ་གདལ་གྱི་ལས་ཀ་བྱེད་སྟངས་སྔར་བས་གསར་གཏོད་བྱས་པ། ཚན་རྩལ་ཁྱབ་གདལ་གྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།

ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞིར་ལས་དོན་པས་གསར་འགོད་པའི་སྣེ་ཁྲིད་དེ་ལྷ་སའི་ཅང་སུའུ་གཞོན་ནུ་ལོ་ཆུང་ཚན་རྩལ་ཁང་ལ་ལྟ་སྐོར་བྱས་ཤིང་། ཚན་རྩལ་ཁང་ཧྲིལ་པོར་ཚོམས་ཆེན་1དང་། བྱང་ཚད་སློབ་གསོའི་འཕྲུལ་མིའི་བྱེད་སྒོ་ཁང་། སྒྲ་རླབས་ཀུན་བརྙན། རྩིས་རིག་འཚོལ་ཞིབ། ཤུགས་རིག་གཏམ་རྒྱུད། རྡོ་ཁབ་ལེན་གྱི་སྒྱུ་འཕྲུལ། འོད་བརྙན་གྱི་མཉམ་འགུལ་བཅས་གཙོ་དོན་འགྲེམས་ཁུལ་7ལས་གྲུབ་ཡོད། མཉམ་འགུལ་གྱི་ཉམས་ལེན་གཙོ་བོ་བྱེད་པ་དང་། འགུལ་བ་དང་བསྟན་པ་ཟུང་འབྲེལ་བྱེད་པ། སློབ་མའི་དགོས་མཁོ་དང་བསྟུན་པ་བཅས་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་སློབ་སྦྱོང་གི་སློབ་ཁང་གཉིས་པ་བཏོད་ཡོད། སློབ་མ་ཚོས་མཉམ་འགུལ་ཉམས་ལེན་ཁྲོད་ཚན་རྩལ་གྱི་སྤྲོ་སྣང་དང་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱེད་དུ་བཅུག་པ་དང་། ཁོ་ཚོས་ཚན་རིག་ལ་ངོས་འཛིན་དང་ཚན་རིག་ལ་དགའ་ཞེན་བྱེད་པར་ཁྲིད་སྟོན་བྱས་པ། ཚན་རིག་རིག་གནས་ཀྱི་བློ་སྦྱོང་སྐྱེད་སྲིང་བྱེད་པ། ཚན་རིག་ཞིབ་འཇུག་གི་སྙིང་སྟོབས་དང་དངོས་སུ་ལག་ལེན་བྱེད་པའི་ནུས་པ་ཆེ་རུ་བཏང་བ་བཅས་བྱས་ཡོད།

ཚན་རྩལ་ཁང་གི་འགྲམ་དུ་ད་དུང་སློབ་ཁང་གསུམ་བཙུཊ་ཡོད་ཅིང་། དེ་གར་སློབ་མ་ཚོས་འཕྲུལ་མི་དང་། གནམ་གྲུའི་དཔེ་དབྱིབས། 3Dཔར་འདེབས་བཅས་ཀྱི་བཟོ་སྟངས་ལ་སློབ་སྦྱོང་བྱས་ནས་སློབ་མའི་ཉེར་སྤྱོད་ཤེས་བྱ་དང་མི་སྒེར་གྱི་འཇོན་ཐང་ངོམ་སྟོན་དང་འཕེལ་རྒྱས་གཏོང་རྒྱུར་རང་དབང་གི་བྱེད་སྒོའི་བར་མཐོངས་ཤིག་མཁོ་འདོན་བྱས་པ་བརྒྱུད།དེང་རབས་ཅན་གྱི་ཚན་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱས་ནས་སློབ་མའི་མི་མངོན་པའི་ནུས་པ་འཕེལ་བ་དང་། སློབ་མའི་འདོད་བློ་སྦྱོང་བརྡར་བཅས་བྱས་ནས་སློབ་མ་དབར་གྱི་འབྲེལ་གཏུགས་དང་སྤེལ་རེས་བྱེད་ཤུཊ་ཆེ་རུ་གཏོང་གི་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་དཔེ་སྟོན་རང་བཞིན་གྱི་ཕྱོཊ་བསྡུས་ལག་ལེན་རྟེན་གཞིའི་དགེ་རྒན་ཀྲང་ཁྲུན་ཞ་ཡིས་འདི་གར་གཙོ་བོ་གཞོན་ནུ་ལོ་ཆུང་ལ་ཁ་ཕྱོཊ་ནས་ཚན་རིག་ཤེས་བྱ་ཁྱབ་སྤེལ་དང་ཁྱབ་གདལ་དུ་གཏོང་རྒྱུ་དེ་ཡིན། དེའི་ནང་གཞོན་ནུ་ལོ་ཆུང་ལ་ཚན་རྩལ་འཆད་ཁྲིད་དང་ཚན་རིག་ཁྱབ་གདལ་གྱི་སློབ་ཚན་ཚུད་ཡོད་པར་མ་ཟད།

ད་དུང་སློབ་གྲྭ་དང་ཁེ་ལས་སོཊ་ཚན་པ་དང་མཉམ་ལས་བྱ་རྒྱུར་སྣང་ཆེན་བྱས་ནས་སྣ་མང་ཅན་གྱི་ཚན་རྩལ་ཁྱབ་གདལ་གྱི་དྲ་རྒྱ་ཞིག་ཆཊ་ཡོད། ཚན་རིག་སློབ་ཚན་དང་། ཚོཊ་པ་ཅན་གྱི་འཛིན་གྲྭའི་འཆད་ཁྲིད། ཚན་རིག་ཁྱབ་གདལ་གྱི་ཚོད་ལྟ། མཉམ་འགུལ་མྱོང་རོལ་གྱི་སོཊ་ཀྱི་བྱེད་སྒོ་བརྒྱུད་གཞོན་ནུ་ལོ་ཆུང་གི་ཚན་རིག་ལ་དགའ་བའི་སེམས་ཤུགས་འཕེལ་བར་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

འདི་ལོར་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་གྱི་གཤམ་སྤེལ་གསུམ་དང་། རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར། ཚན་རྩལ་ཁྱབ་གདལ་རླངས་འཁོར་སྐོར་སྐྱོད་འགྲེམས་སྟོན་སོཊ་གོ་སྐབས་སུ་བྱས་ནས་རྣམ་པ་མང་བ་དང་ནང་དོན་ཕུན་སུམ་ཚོགས་པའི་ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། བྱེད་སྒོ་བརྒྱུད་ཚན་རྩལ་ཁྱབ་གདལ་གྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། བྱེད་སྒོ་ཁག་ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། ཡུལ་བབ་དང་བསྟུན་པ་བཅས་རྩ་དོན་དུ་བྱས་པ་དང་། སྤྱི་ཚོགས་ཡོངས་སུ་ཚན་རིག་ལ་མཐོང་ཆེན་དང་། ཚན་རིག་ལ་དགའ་བ། ཚན་རིག་སྦྱོང་བ། ཚན་རིག་སྤྱོད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱས་ནས་ཚན་རིག་ལག་རྩལ་གྱི་ཤེས་བྱ་ཁྱབ་གདལ་དང་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

ཚན་རྩལ་ཁྱབ་གདལ་དུ་གཏོང་བའི་བྱེད་སྒོ་སློབ་གྲྭར་སྤེལ་བས་སློབ་མ་ཚོས་ཚན་རིག་ལ་ངོས་འཛིན་དང་ཚན་རིག་ལ་ཤེས་རྟོཊ་བྱེད་པའི་སྒོ་མོ་ཕྱེ་སྟེ་སློབ་མའི་མཐོང་རྒྱ་ཆེ་རུ་བཏང་ཡོད། ལྷུན་གྲུབ་རྫོང་སློབ་འབྲིང་གི་ཚན་རྩལ་ཁྱབ་གདལ་མཛུབ་སྟོན་པ་སྤེན་པ་བཀྲ་ཤིས་ཀྱིས་སླད་ཕྱིན་སློབ་གྲྭས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་ཚན་པར་གཞོཊ་འདེཊ་ཧུར་ཐག་བྱས་ནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ། ཚན་རིག་གི་བསམ་བློ་ཁྱབ་སྤེལ་དུ་གཏོང་བ་བཅས་བྱས་ནས་སློབ་མའི་ཚན་རིག་གི་བློ་སྦྱོང་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

དུས་མཚུངས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། འདམ་གཞུང་རྫོང་། ལྷུན་གྲུབ་རྫོང་། ཆུ་ཤུར་རྫོང་བཅས་སུ་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་གྱི་དཔེ་སྟོན་རྫོང་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་ཚན་རྩལ་ལས་དོན་པའི་བློ་སྦྱོང་གོང་མཐོར་གཏོང་ཆེད། གྲོང་ཁྱེར་ཚན་རྩལ་མཐུན་ཚོཊ་ཀྱིས་རྫོང(ཆུས)ཁག་ནས་གཞི་རིམ་གྱི་འཐབ་ས་མདུན་མར་ཆེད་ལས་ལག་རྩལ་པ་6མངཊ་ནས་བོད་ལྗོངས་ཚན་རྩལ་མཐུན་ཚོཊ་ཀྱི་ཁོངས་མིའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭར་ཞུགས་སུ་བཅུག་སྟེ་ཚན་རིག་ཁྱབ་གདལ་གྱི་ཞབས་འདེགས་ཞུ་སྟངས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་ཚན་རིག་ཁྱབ་གདལ་ཀྱི་ལས་ཀའི་ཕན་ནུས་ཆེ་རུ་བཏང་ཡོད།

ཚན་རྩལ་མཐུན་ཚོགས་ཀྱི་ཁོངས་མིའི་ནུས་པ་ཆེ་རུ་གཏོང་བའི་ཞབས་ཞུའི་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཚན་རྩལ་ཁྱབ་གདལ་ལས་དོན་གྱི་ཕན་ནུས་ཆེ་རུ་བཏང་བ་རེད།

ལྷུན་གྲུབ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཤུས་ཀྱིས་ལྷུན་གྲུབ་རྫོང་ནི་ཞིང་འབྲོག་ལས་ཀྱི་རྫོང་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཞིང་འབྲོག་ཚན་རྩལ་ཁྱབ་གདལ་ནི་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་གཙོ་གནད་ཅིག་ཡིན། ང་ཚོས་ཚན་རྩལ་སྐོར་ལ་འཆད་ཁྲིད་དང་། ཚན་རྩལ་ཁྱབ་གདལ་གྱི་ལག་དེབ་སྤྲོད་པ། ཞིང་ཁའི་མུ་ཁར་སློབ་ཁྲིད་བྱ་རྒྱུ་སྒྲིག་འཛུཊ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ཞིང་འབྲོག་མང་ཚོགས་ལ་ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་མཛུབ་ཁྲིད་བྱས་ནས་ཐོན་སྐྱེད་ཀྱི་ལས་ཕྱོད་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་གྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་བཏང་བ། ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད་ཅེས་བཤད།

གྲོང་ཁྱེར་ཚན་རྩལ་མཐུན་ཚོཊ་ཀྱིས་ཚན་རིག་ཁྱབ་གདལ་གཏོང་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་ཚན་རིག་ཁྱབ་གདལ་ཆ་འཕྲིན་ཅན་དུ་འགྱུར་བར་ཤུཊ་སྣོན་བརྒྱབ་པ། དཔེ་དེབ་དང་། ཚགས་པར་དང་དུས་དེབ། བརྙན་འཕྲིན། རླུང་འཕྲིན་སོགས་སྲོལ་རྒྱུན་སྨྱན་སྦྱོར་དང་།གྲངས་གཞི་ཆེན་མོ་དང་།སྤྲིན་རྩིས། རིག་ལྡན་ཚན་རྩལ་ཁྱབ་གདལ་འཛུཊ་སྐྲུན་སོཊ་སྨྱན་སྦྱོར་གསར་པ་དང་མཉམ་འདྲེས་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ། དྲ་སྦྲེལ་དང་ཚན་རིག་ཁྱབ་གདལ་ཟུང་འབྲེལ་གྱི་ལས་ཀའི་རྣམ་པར་ཤུཊ་སྣོན་རྒྱག་པ། ཚན་རྩལ་ཁྱབ་གདལ་གྱི་ཀྲུང་གོ་དང་ཚན་རྩལ་ཁྱབ་གདལ་གྱི་ཀྲུང་གོའི་བོད་ལྗོངས་ཀྱི་ལས་སྟེགས་ཐོན་ཁུངས་ལྷ་སར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

མིག་སྔའི་བར། ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ལ་ཀྲུང་གོ་ཚན་རྩལ་མཐུན་ཚོགས་གཞུང་དོན་ཐིང་གིས་2023ལོའི་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་ཉིན་མོའི་ཕུལ་བྱུང་བྱེད་སྒོ་ཞེས་པ་སྤྲད་པ་དང་།ཚན་རྩལ་པུའི་ཚན་རྩལ་ཤེས་ལྡན་པ་དང་ཚན་རྩལ་ཁྱབ་གདལ་སིས་2022ལོ་དང་2023ལོའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་ཕུལ་བྱུང་གི་མཚོན་ཚུལ་སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། དུས་མཚུངས་སུ་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཀྱང་རང་གྲོང་གི་ཚན་རིག་ཁྱབ་གདལ་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཡོད།

ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོཊ་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་དཔལ་སྒྲོན་གྱིས་ཕྱིས་འབྱུང་།

ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ཀྱི་འཆར་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུ་དང་། ཚན་རྩལ་ཁྱབ་གདལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚན་རྩལ་ཁྱབ་གདལ་གྱི་ལས་དོན་སྤེལ་སྟངས་གསར་གཏོད་བྱ་རྒྱུ། ལས་རིགས་གཞན་དག་དབར་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-18 ལྷ་ས་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་ཀྱིས། 6 6 拉萨日报藏文 c186293.html 1 སྣ་མང་ཅན་གྱི་ཚན་རྩལ་ཁྱབ་གདལ་དུ་གཏོང་བར་ནུས་ཤུཊ་བཏོན་ནས་དམངས་ཡོངས་ཀྱི་ཚན་རིག་གི་བྱང་ཚད་མཐོ་རུ་བཏང་བ། /enpproperty-->