ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་15ཉིན། ཀུན་བདེ་གླེང་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་རྒྱུའི་འགན་ལེན་བྱས་པ་རེད།
བྱེད་སྒོའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་ཞེ་ཡུང་གདན་དྲངས་ནས། ཏང་ཡོན་ལས་བྱེད་པ་ཡོངས་ལ་ཆེད་དོན་སྒྲོག་འགྲེལ་གནང་བ་སྟེ། རྒན་ཞེ་ཡུང་ལགས་ཀྱིས་གོ་སླ་བའི་རྣམ་པའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན་དང་སྙིང་སྟོབས་ཀྱི་ངོ་བོ་བཅས་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་གནང་བ་རེད། ཁོང་གིས་ཁྲེང་ཀོན་ཆུས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གཞི་རིམ་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་ལས་བྱེད་པར་ལས་ཀའི་བསམ་ཕྱོགས་དང་ཁ་ཕྱོགས་གསལ་པོ་མཁོ་འདོན་གནང་བ་རེད། ཚོགས་ཞུགས་ཏང་ཡོན་ལས་བྱེད་པས་ནན་ཏན་གྱིས་ཉན་པ་དང་བསམ་གཞིགས་ཧུར་ཐག་བྱས་ཏེ། ཐེངས་འདིའི་སྒྲོག་འགྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་མ་ཟད་དང་། སླད་ཕྱིན་གྱི་ལས་ཀའི་གཙོ་གནད་དང་ཁ་ཕྱོཊ་ཀྱང་སྔར་བས་ཁ་གསལ་དུ་བཏང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཀུན་བདེ་གླིང་ཁྲོམ་གཞུང་ཙེ་ཤིན་སྡེ་ཁུལ་རྩ་འཛུགས་ཀྱི་ཨུ་ཡོན་སྤེན་སྒྲོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་ང་ཚོའི་གཞི་རིམ་གྱི་ལས་དོན་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད། སླད་ཕྱིན་གྱི་ལས་དོན་ཁྲོད། ངས་བསླབས་ཟིན་པའི་ཤེས་བྱ་དེ་རྣམས་དོན་དངོས་ཀྱི་ལས་དོན་ནང་བེད་སྤྱོད་བྱས་ནས་རང་ཉིད་ཀྱི་ལས་ཀའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
ཕྱིས་འབྱུང་། ཀུན་བདེ་གླིང་ཁྲོམ་གཞུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། དྲིལ་བསྒྲགས་བྱེད་སྟངས་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། སློབ་སྦྱོང་ཁྲོད་ནང་དོན་ཤེས་རྟོགས་དང་དྲིལ་བསྒྲགས་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་སྡེ་ཁུལ་གྱི་གྲོང་མིའི་སེམས་སུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཀུན་བདེ་གླིང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲང་ཅུན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ལས་དོན་ལ་བསམ་ཕྱོགས་གསར་པ་དང་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་ཡོད། ཀུན་བདེ་གླིང་ཁྲོམ་གཞུང་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་རྒྱུ་དང་། སྡེ་ཁུལ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་དང་ཕན་འབྲས་དངོས་སུ་བསྒྱུར་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社