分享按钮

(པར་ངོས་དང་པོར་མཐུད)སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། མ་ལག་འཐུས་ཚང་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

སྔར་རྒྱུན་བཞིན་ལམ་བུའི་ཐོག་བསྐྱོད་ན་གཞི་ནས་བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་ཐུབ་པ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ན་གཞི་ནས་ཡུན་རིང་བདེ་འཁོད་ཡོང་ཐུབ། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《ལག་བསྟར་བསམ་འཆར》ནང་། 2035ལོར་སླེབས་སྐབས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་ཡོན་ནས་སྤྱིའི་ཆ་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་བྱས་ཏེ། རང་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱ་རྒྱུར་འཆར་གཞི་བརྗིད་ཉམས་ལྡན་པ་ཞིག་བཟོས་ཡོད་པ་དང་བྱ་སྤྱོད་ཐད་ཕྱོཊ་སྟོན་མཁོ་འདོན་བྱ་རྒྱུ་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་ཐིག་དུ་འཛིན་པ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་རྒྱུར་དམ་འཛིན་བཅས་བྱས་ཏེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས། ཉེན་བརྡ་རྒྱུན་གཏོང་དང་རྟག་ཏུ་དོགས་ཟོན། ཡུན་རིང་གི་ཐབས་ཇུས་བཟོ་བ་དང་རྩ་བ་བརྟན་དུ་གཏོང་བའི་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། དེང་རབས་ཅན་དང་མཐུན་པའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཞིག་ཆགས་པར་བྱས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་ཏན་ཏིག་བསྐྲུན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཞེས་འཁོད་ཡོད།

འཆར་གཞི་བཀོད་ཟིན་པས་གཙོ་བོ་དོན་འཁྱོལ་བྱ་རྒྱུར་ཐུག་ཡོད། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོཊ་ཐེངས་དྲུག་པའི་ཐོག་མ་ལག་གི་འདུ་ཤེས་མཐའ་འཁྱོངས་དང་། གཙོ་གནད་ལས་དོན་མངོན་གསལ་དོད་དུ་བཏང་སྟེ། ཇི་ལྟར་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇཊ་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ཏན་ཏིག་བྱ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་བླང་བྱ་ཁ་གསལ་བཏོན་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོཊ་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། འགན་འཁྲིའི་གསལ་ཐོ་ཁ་གསལ་བཟོ་བ་དང་། ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་བཏང་ནས་ཁྱོན་ཡོངས་མཉམ་འགུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགོག་སྲུང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དངོས་འཐབ་ཅན་དང་། ལེབ་སྙོམས་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ལམ་སྲོལ་འཛུགས་དགོས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་སྒྲོམ་གཞིའི་འོག་གི་འཕྲལ་སྡོམ་བཀོད་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ཏེ། མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་སློབ་གསོ་རྒྱག་པ་དང་གསར་གཏོད་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་ཀའི་འགོ་ཁྲིད་དབང་ཆ་སྟངས་འཛིན་ཏན་ཏིག་བྱེད་པ། ཆོས་ལུགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་གནས་སྟངས་འཐུས་ཚང་དུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྒྱུར་བཅོས་བྱེད་ཐབས་དེ་སྲིད་ཇུས་ཀྱི་ཁ་ཕྱོགས་དང་བསྟུན་ནས་ཕན་ཚུན་གཞོགས་འདེགས་དང་། ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཕན་ཚུན་སྐུལ་འདེད། སྒྱུར་བཅོས་ཀྱི་ཕན་འབྲས་ཐད་ཕན་ཚུན་གཞོགས་འདེགས་བཅས་བྱ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-18 6 6 拉萨日报藏文 c186290.html 1 /enpproperty-->