分享按钮

ལྷ་ས་གྲོང་ཁྱེར་གྱི་དབྱི་པིན་ཚོང་ཚོགས་བཙུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དབྱི་པིན་ནས་ཡིན་པའི་ཁེ་ལས་པས་ལྷ་སར་མཐུན་སྒྲིལ་རོགས་རེས་དང་མཉམ་ལས་གཉིས་ཕན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ལྷ་ས་དང་དབྱི་པིན་ས་ཁུལ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ལོ་ཕྱེད་ཙམ་རིང་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ཟླ་8ཚེས་14ཉིན་ལྷ་ས་གྲོང་ཁྱེར་གྱི་དབྱི་པིན་ཚོང་ཚོགས་དངོས་སུ་བཙུགས་པ་རེད།

ལྷ་ས་གྲོང་ཁྱེར་དབྱི་པིན་ཚོང་ཚོགས་བཙུགས་པ་དེ་ནི་དབྱི་པིན་ནས་ཡིན་པའི་ཁེ་ལས་པས་ལྷ་སར་ལག་གདང་སྦྲེལ་ནས་འབད་འཐབ་བྱེད་པ་དང་འཕེལ་རྒྱས་གཏོང་བའི་མཚོན་རྟཊ་ཤིག་ཡིན་པ་དང་། དུས་རབས་འཕེལ་རྒྱས་ཀྱི་བགྲོས་དང་བསྟུན་པ་དང་། སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱེད་པ། ཁེ་ལས་ཀྱི་དགོས་མཁོ་སྐོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ས་གནས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཀྱང་ཡིན། བོད་ལྗོངས་པདྨ་ནོར་འཛིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཐའེ་སེན་འཛུགས་སྐྲུན་ཚད་ཡོད་ཀུང་སི། བོད་ལྗོངས་ཁོའོ་ཡོན་ཚོང་དོན་ཚད་ཡོད་ཀུང་སི་སོགས་དབྱི་པིན་ནས་ཡིན་པའི་ཁེ་ལས་པ་མང་པོས་ལྷ་སར་བཙུགས་པའི་ཁེ་ལས་ཚང་མར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ཁེ་ལས་པ་ཚོས་ཀྱང་མུ་མཐུད་ཕ་ཡུལ་གྱི་མགྲིན་ཚབ་པ་བྱས་ནས་ས་གནས་གཉིས་ཀྱི་དཔལ་འབྱོར་དང་། ཚོང་དོན། རིག་གནས། ཆ་འཕྲིན་སོགས་སྤེལ་རེས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་དབྱི་པིན་ཚོང་ཚོགས་ཀྱི་ཚོགས་གཙོ་ཀའོ་དབྱིས། ལྷ་ས་གྲོང་ཁྱེར་དབྱི་པིན་ཚོང་ཚོགས་ཀྱིས“ཚོགས་ཁོངས་ལ་ཞབས་འདེགས་ཞུ་བ་དང་། སྤེལ་རེས་ལ་སྐུལ་འདེད་གཏོང་བ། མཉམ་ལས་གཉིས་ཁེ་ཕན་ཡོང་བ”བཅས་ཀྱི་དམིགས་ཡུལ་རྒྱུན་འཛིན་བྱས་ཏེ། དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་ལ། སྲིད་གཞུང་དང་ཁེ་ལས་དབར་དང་། ཁེ་ལས་དང་ཁེ་ལས་དབར་འབྲེལ་གཏུགས་སྟེགས་བུ་ཧུར་ཐག་བསྐྲུན་ནས་ཚོགས་ཁོངས་ཁེ་ལས་དབར་ཐོན་ཁུངས་མཉམ་སྤྱོད་དང་། དགེ་མཚན་གསབ་རེས། ཁྲོམ་ར་རྒྱ་སྐྱེད་སོགས་བྱ་རྒྱུ་ཡིན། མ་ཟད་ང་ཚོས་ཕ་ཡུལ་གྱི་རིག་གནས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ། སྤྱི་ཕན་བྱ་གཞག་ནང་ཞུགས་པ་སོགས་ཀྱི་ལས་དོན་ཡང་ཧུར་ཐག་སྤེལ་ནས་འཆམ་མཐུན་ལྡན་པའི་སྤྱི་ཚོགས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186282.html 1 ལྷ་ས་གྲོང་ཁྱེར་གྱི་དབྱི་པིན་ཚོང་ཚོགས་བཙུགས་པ། /enpproperty-->