分享按钮

སྒོ་འགྲམ་དུ་རིག་ནུས་མཉམ་སྤྱོད་ཀྱི་རང་འདེམས་ པར་འདེབས་འཕྲུལ་ཆས་སྤྱོད་རྒྱུ་ཡོད་པ།

(པར་ངོས་དང་པོར་མཐུད)གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མཁོ་འདོན་བྱས་པའི་རིག་ནུས་མཉམ་སྤྱོད་ཀྱི་རང་འདེམས་བསྐྱར་པར་འཕྲུལ་ཆས་ཀྱིས་ང་ཚོའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ཀྱི་འདུག་ཅེས་སློབ་མ་དོན་གྲུབ་ཀྱིས་སྤྲོ་བ་ཆེན་པོས་བཤད།

ལས་ཀའི་དབང་གིས་ངས་རྟག་ཏུ་དཔྱད་གཞིའི་ཡིག་རིགས་བསྐྱར་པར་བྱེད་དགོས་ཀྱི་ཡོད། རིག་ནུས་མཉམ་སྤྱོད་ཀྱི་རང་འདེམས་བསྐྱར་པར་འཕྲུལ་ཆས་དེ་ཡོད་པས་དཔྱད་གཞིའི་ཡིག་རིགས་པར་དུ་འདེབས་པར་སྟབས་བདེ་པོ་འདུག གྲོང་ཚོ་ཨུ་ལྷན་དུ་ཕྱིན་ན་དཔྱད་གཞིའི་ཡིག་རིགས་བསྐྱར་པར་བྱེད་ཆོག་གི་ཡོད། སྟབས་བདེ་ལ་མགྱོགས་མྱུར་ཡིན་པ་མ་ཟད། ཆུ་ཚོད་24རིང་དྲ་ལམ་ནས་ཀྱང་པར་འདེབས་ཐུབ་ཀྱི་ཡོད། དགོང་མོ་གནས་སྐབས་དཔྱད་གཞིའི་ཡིག་རིགས་བསྐྱར་པར་བྱེད་དགོས་དུས་པར་སློག་བྱེད་ས་མེད་པའི་སེམས་ཁྲལ་བྱེད་དགོས་ཀྱི་མེད་ཅེས་ཡུལ་མི་བཀྲ་ཤིས་ཀྱིས་བཤད།

མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་བྱ་བ་ཆུང་ཆུང་མིན། འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན། ཕྱི་ནང་གྲོང་ཚོའི་ཧྲུའ་ཅི་དང་པོ་ཧོང་ཧྭ་ཡིས།ང་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་མཁོ་དེ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་འགོ་འཛུགས་ས་དང་གཞི་ཚུགས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད།ད་རེས་སློབ་མ་དང་། ཚོང་དོན། མང་ཚོགས་བཅས་ཀྱི་བསྐྱར་པར་བྱེད་དཀའ་བའི་གནད་དོན་ལ་ཁ་གཏད་དེ། ཆ་འཕྲིན་ཅན་གྱི་བསམ་གཞིགས་ལ་བརྟེན་ནས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་ཐག་གཅོད་བྱས་པ་ཡིན།གྲོང་ཚོ་ཨུ་ལྷན་དུ་རྫོང་ཡོངས་ཀྱི་རིག་ནུས་མཉམ་སྤྱོད་ཀྱི་རང་འདེམས་བསྐྱར་པར་འའཕྲུལ་འཁོར་ཐོག་མ་དེ་བཙུགས་ནས་མང་ཚོགས་ཀྱི་སྣ་མང་ཅན་གྱི་བསྐྱར་པར་དགོས་མཁོ་སྔར་བས་སྐོང་ཐུབ་ཡོད་ཅེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186281.html 1 སྒོ་འགྲམ་དུ་རིག་ནུས་མཉམ་སྤྱོད་ཀྱི་རང་འདེམས་ པར་འདེབས་འཕྲུལ་ཆས་སྤྱོད་རྒྱུ་ཡོད་པ། /enpproperty-->