分享按钮

གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་བུད་མེད་གཙོ་བོར་བྱས་པའི་བྱེད་སྒོས་བདེ་སྐྱིད་ཀྱི་འཚོ་བ་གཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་13ཉིན། གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས“ཁབ་དང་སྐུད་པས་བདེ་སྐྱིད་ཀྱི་རི་མོ་བྲིས་པ”ཅེས་པ་གཙོ་དོན་དུ་བྱས་པའི་ལག་ཤེས་བསླས་འཐག་བྱེད་སྒོ་ཞིག་སྒྲིག་འཛུགས་བྱས་པ་རེད། བྱེད་སྒོས་སྡེ་ཁུལ་གྱི་བུད་མེད་མང་པོ་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཁྱིམ་མཚེས་དབར་གྱི་སྤེལ་རེས་དང་རོགས་རེས་ལ་སྐུལ་མ་ཐེབས་པར་མ་ཟད། དཔལ་འབྱོར་གྱི་ཡོང་འབབ་མཐོར་གཏོང་དང་སྡེ་ཁུལ་ཡར་ཐོན་ལའང་མཐུན་རྐྱེན་བཟང་པོ་བསྐྲུན་པ་དང་།ཁོང་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

བྱེད་སྒོ་སྤེལ་འགོ་ཚུགས་པའི་ཉིན་དེར་སྡེ་ཁུལ་དང་བླངས་པས་དེའི་ནང་ཞུགས་མཁན་ཚང་མར་ལྕགས་ཀྱུ་དང་བལ་སྐུད་གྲ་སྒྲིག་ཞིབ་ཚགས་བྱས་པ་རེད། བསླས་འཐག་ལག་ཤེས་དགེ་རྒན་གྱིས་ངང་རྒྱུད་རིང་པོས་གྲོང་མི་རྣམས་ལ་བསླས་འཐག་གི་ཐབས་རྩལ་ཁྲིད་པ་དང་བསླས་འཐག་གི་མྱོང་ཚོར་མཉམ་སྤྱོད་བྱས་ཤིང་། དགེ་རྒན་གྱི་ཁྲིད་སྟོན་འོག་གྲོང་མི་ཚོས་བལ་སྐུད་རྣམས་གྲུ་གུར་དཀྲིས་ནས་མཛེས་སྡུག་ལྡན་པའི་མེ་ཏོག་ཆུང་ཆུང་ཞིག་ཏུ་གྲུབ་པར་བྱས་ཡོད། བརྩམས་ཆོས་ཚང་མས་ཁོང་ཚོས་འཚོ་བར་བཅངས་པའི་དགའ་ཞེན་དང་བདེ་སྐྱིད་དོན་གཉེར་བྱེད་པའི་ཉམས་སྣང་མཚོན་གྱི་ཡོད་པ་དང་བྱེད་སྒོ་སྤེལ་ཡུལ་དུ་དྲོ་སྐྱིད་དང་གསར་གཏོད་ཀྱི་རྣམ་པས་ཁེངས་ཡོད།

དེ་ལྟ་བུའི་སློབ་སྦྱོང་ལས་ངས་སྤྱོད་གོ་ཆོད་པའི་ལག་ཤེས་ཤེས་པར་མ་ཟད། ད་དུང་ང་ལ་བསླས་འཐག་ཐོན་རྫས་འགྲེམས་སྟོན་དང་ཕྱིར་ཚོང་བྱེད་པའི་གོ་སྐབས་ཀྱང་བྱུང་ནས་ཁྱིམ་ཚང་གི་ཡོང་འབབ་མང་དུ་ཕྱིན་སོང་། སྡེ་ཁུལ་དུ་བྱེད་སྒོ་དེ་འདྲ་དེ་བས་མང་བ་སྤེལ་ནས་ང་ཚོར་སློབ་སྦྱོང་དང་ལག་ལེན་གྱི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་གྲོང་མི་སྒྲོལ་དཀར་འོད་ཟེར་གྱིས་བཤད།

གྲྭ་བཞི་གྲོང་གསར་སྡེ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་གཡུ་སྒྲོན་གྱིས་ང་ཚོས་སྡེ་ཁུལ་ནང་གི་བསླས་འཐག་ཉམས་མྱོང་ཕུན་སུམ་ཚོགས་པའི་བུད་མེད་གདན་དྲངས་ནས་ཁོངས་གཏོགས་ཁུལ་གྱི་བུད་མེད་ལ་ལག་རྩལ་མཛུབ་ཁྲིད་བྱས་པས་བུད་མེད་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད། ད་དུང་བསླས་འཐག་ཐོན་རྫས་འདི་ཉིད་ཡོང་འབབ་ཡོང་ཁུངས་དངོས་སུ་བསྒྱུར་ནས་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་དང་། སླད་ཕྱིན་ང་ཚོས་གཞི་རིམ་བཅོས་སྐྱོང་གི་བསམ་ཕྱོགས་དང་བྱ་ཐབས་མུ་མཐུད་གསར་གཏོད་དང་འཚོལ་ཞིབ་བྱས་ནས། སྡེ་ཁུལ་གྱི་བུད་མེད་ཚོར་དེ་བས་མང་བའི་སློབ་སྦྱོང་གི་གོ་སྐབས་དང་ཡོང་འབབ་མང་བ་རག་ཐབས་བྱ་རྒྱུ་ཡིན་ཞེས་བཤད།

གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རྒྱུན་མཐུད་སྤེལ་ནས། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186283.html 1 གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱི་བུད་མེད་གཙོ་བོར་བྱས་པའི་བྱེད་སྒོས་བདེ་སྐྱིད་ཀྱི་འཚོ་བ་གཏོད་པ། /enpproperty-->