(པར་ངོས་དང་པོར་མཐུད)པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྔར་བཞིན་ལྷ་སའི་བཟོ་ཚོགས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་བོད་སྐྱོར་ལས་དོན་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
སྤེན་པ་ཡིས་ལོ་མང་རིང་པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་བོད་སྐྱོར་ལས་དོན་གྱི་བླང་བྱ་ལག་བསྟར་དང་དོན་འཁྱོལ་བྱས་ནས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་སྣང་ཆེན་གྱིས་འགན་འཁྲི་དང་བརྩེ་དུང་ལ་བརྟེན་ནས་ལྷ་སའི་བཟོ་ཚོགས་ལ་རོགས་སྐྱོར་བྱེད་པའི་ལས་དོན་རབ་དང་རིམ་པ་སྤེལ་ཡོད།ལྷག་པར་དུ་ལོ་ལྔ་ཚན་བཅུ་བཞི་པའི་ཚུན་པེ་ཅིང་བཟོ་ཚོཊ་ཁོངས་གཏོགས་ཀྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི་1114.62ཐད་ཀར་བཏང་ནས་ལྷ་སའི་བཟོ་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་ལས་བཟོ་མང་ཚོགས་ལ་ཐོབ་སྣང་དང་།སྐྱིད་སྣང་། བདེ་སྣང་བཅས་དེ་བས་མང་བ་བྱུང་ཡོད། པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོཊ་ཀྱིས་ཤེས་ལྡན་མི་སྣ་དང་།གྲངས་གཞིའི་རིག་ནུས་ཅན་འཛུགས་སྐྲུན་དང་རྣམ་གྲངས་མ་དངུལ་ཐད་རོགས་སྐྱོར་དང་རོགས་རམ་དེ་བས་མང་བ་བྱས་ཏེ་ལྷ་སའི་བཟོ་ཚོགས་ཀྱི་ལས་བྱེད་པར་སྔོན་ཐོན་གྱི་ལས་ཀའི་འདུ་ཤེས་དང་བྱ་ཐབས་སློབ་སྦྱོང་བྱེད་པའི་གོ་སྐབས་དེ་བས་མང་བ་ཐོབ་པར་བྱས་ཐོག་ལྷ་སའི་བཟོ་ཚོགས་ལས་དོན་སྣ་མང་ཅན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲང་ལེང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡོད། པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མིག་སྔ་དང་ཕུཊ་དང་།ཁྱོན་ཡོངས་དང་གཙོ་གནད། རོགས་སྐྱོར་དང་མཉམ་ལས་བཅས་ཀྱི་འབྲེལ་བ་ཁོང་དུ་ཆུད་པ་དང་། བཟོ་ཚོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། ཁ་གཏད་རོགས་སྐྱོར་གྱི་བསམ་ཕྱོཊ་གསར་པ་དང་། བྱ་ཐབས་གསར་པ། ཐབས་ལམ་གསར་པ་བཅས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་མ་དངུལ་དང་རྣམ་གྲངས།ཤེས་ལྡན་མི་སྣ་བཅས་མུ་མཐུད་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་།ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཁ་གཏད་བོད་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག་པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས《2024ལོའི་བོད་སྐྱོར་རྣམ་གྲངས་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社