(པར་ངོས་དང་པོར་མཐུད)རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་གོང་འཕེལ་འགྲོ་བ་དང་། ཁྱོན་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། གོ་ལ་ཧྲིལ་པོའི་རང་བཞིན་བཅས་ཀྱི་ཤུགས་རྐྱེན་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས། རང་སོའི་རྒྱལ་ཁབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིག འཛམ་གླིང་ཞི་བདེ་དང་བརྟན་ལྷིང་།དར་རྒྱས་དང་གོང་འཕེལ་བཅས་ཡོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ན་ནིང་སྲིད་འཛིན་ལུའུ་ལ་ཡིས་ཀྲུང་གོར་ལེགས་གྲུབ་ལྡན་པའི་ངང་འཚམས་འདྲི་གནང་ནས། ང་ཚོས་དུས་རབས་གསར་པའི་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི་འབྱུང་འགྱུར་གསར་པར་སྣེ་ཁྲིད་དང་གཏོད་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བར་དུས་རབས་ཀྱི་ནང་དོན་གསར་པ་སྣོན་པ། ལག་གདང་སྦྲེལ་ནས་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་འདོད་ཡོད་ཅེས་ནན་གསུངས་གནང་ཡོད།
ལུའུ་ལ་ཡིས། དུས་རབས་ཕྱེད་ཀའི་རིང་། པར་ཙིར་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། མཉམ་ལས་ཉིན་བཞིན་སྣ་མང་ཅན་དུ་འགྱུར་བཞིན་ཡོད། མིག་སྔར། རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་མང་པོ་དང་རིམ་པ་ཁག་ཏུ་མཉམ་ལས་རྒྱུན་འཁྱོངས་བྱས་ནས། སྔར་བས་དར་རྒྱས་དང་། ཞི་བདེ། དྲང་གཞག་བཅས་ཀྱི་འཛམ་གླིང་ཐུན་མོང་ཐོག་སྐྲུན་བཞིན་ཡོད། པར་ཙིར་དང་ཀྲུང་གོའི་འབྲེལ་བ་དེ་སྣེ་མང་སྒྲིག་ལམ་འཛུགས་པ་དང་དེ་བས་དྲང་གཞག་ནུས་ལྡན་ཅན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མངོན་འགྱུར་ཡོང་བའི་ངོས་ནས་བརྗོད་ན་ཉིན་རེ་ལས་མ་འདས་པར་གལ་ཆེར་འགྲོ་བཞིན་པ་དང་། རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་བརྟན་ལྷིང་དང་སྔོན་དཔག་ཐུབ་པའི་རང་བཞིན་ཐད་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གྱི་ལོ་ངོ་50ཡི་ནང་། ང་ཚོས་དཔུང་པ་མཉམ་གཤིབ་ཀྱིས་ལམ་བུ་གསར་པ་བཏོད་དེ་ལས་དབང་གཅིག་མཐུན་གྱི་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བསྟན་ཡོད།
ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པར་ཙིར་གྱི་སྲིད་འཛིན་གཞོན་པ་ཨའར་ཁེ་མིང་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社