分享按钮

(པར་ངོས་དང་པོར་མཐུད)ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཞིབ་འཇུག་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་གཞི་གཏན་འཁེལ་བྱེད་སྐབས་བྱ་གཞག་འཕེལ་རྒྱས་ཀྱི་སྲོག་ཤིང་དང་འགག་རྩར་དམ་འཛིན་བྱས་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

སྒྱུར་བཅོས་སྒོ་དབྱེ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ལ། དེང་རབས་ཀྲུང་གོའི་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་དང་ཆེས་བརྗིད་ཉམས་ལྡན་པའི་རྣམ་པ་ཞིག་ཀྱང་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ནི་དམངས་གཙོའི་བཅོས་སྒྱུར་ལས་བྱུང་བ་དང་སྒྱུར་བཅོས་སྒོ་འབྱེད་ལས་དར་ཞིང་རྒྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་ཐོབ་པའི་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་བསྡོམས་བྱས་པ་དང་། བོད་ཀྱི་ལས་དོན་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས་ནས་བོད་ལྗོངས་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་གསར་པར་བསྐྱོད་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་མཚམས་སྟོབས་ཆེན”བཅས་ཀྱི་དོན་ཆེན་བཞི་པོ་དེ་ཞིབ་ཕྲ་ཅན་དང་གཞི་རྟེན་ཅན་དུ་འགྱུར་བར་བྱས་ནས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ། རྒྱལ་ཁབ་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་མཐའ་དར།

དམངས་ཕྱུག་བཅས་ཀྱི་དཔེ་སྟོན་ཁུལ་བཅས་གཏོད་པའི”འབད་འཐབ་དམིགས་འབེན་བསྟན་ཅིང་། རྨང་གཞིའི་རང་བཞིན་དང་། གསར་གཏོད་རང་བཞིན། སྣེ་ཁྲིད་རང་བཞིན། མཚོན་རྟགས་རང་བཞིན་བཅས་ལྡན་པའི་སྒྱུར་བཅོས་བྱ་ཐབས་རབ་དང་རིམ་པ་བཏོན་པས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་།བདེ་སྣང་། སྐྱིད་སྣང་ཟམ་མི་ཆད་པར་དོད་དུ་ཕྱིན་ཡོད། ཉམས་མྱོང་ནི་ལག་ལེན་ལས་བྱུང་བ་ཞིག་ཡིན་པས། ང་ཚོས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལག་ལེན་ཁྲོད་ནས་རྩ་ཆེའི་ཉམས་མྱོང་བསགས་ཏེ། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་སྔར་བས་ཟབ་ཏུ་ཕྱིན་ཡོད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྒྱུར་བཅོས་སྒོའི་དབྱེའི་ཁྲོད་ནས་ཟམ་མི་ཆད་པར་སྐུལ་སྤེལ་གཏོང་བ་ཞིག་ཡིན་ལ། སྒྱུར་བཅོས་སྒོའི་དབྱེ་ཁྲོད་མདུན་ལམ་ཡངས་པོའང་གཏོད་ངེས་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ཀྱི་ལས་དོན་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པར་སྐྱོད་པའི་འགག་རྩའི་དུས་སུ་སླེབས་ཡོད། ཕྱོགས་ཁག་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་བཅག་སྟེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་མངོན་འགྱུར་ཟམ་མི་ཆད་པར་བྱེད་པར། ང་ཚོས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སེལ་དགོས་པའི་སྒྲིག་སྲོལ་ལམ་སྲོལ་གྱི་གནད་དོན་གལ་ཆེན་ལ་དམ་འཛིན་བྱས་ཏེ། བསམ་བློ་དང་ལྟ་བར་སྔར་བས་འགྱུར་ལྡོག་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱས་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ནུས་ཕྱོད་ལ་ཟམ་མི་ཆད་པར་བསྒྱུར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡར་ཐོན་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློ་གཅིག་གྱུར་དང་དམིགས་ཚད་གཏན་འཁེལ་བྱེད་པ། ཟབ་སྤེལ་དང་། ཁོང་དུ་ཆུད་པ། ཕྱོགས་སྒྱུར་གསུམ་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྒུལ་ཤུགས་ལ་སྒྱུར་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་ཀྱི་ལས་དོན་ཁྱོན་ཡོངས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློའི་དྲག་ཆས་སྤྲས་ཏེ། ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། ལས་དོན་ལ་སྐུལ་འདེད་གཏོང་དགོས་ཤིང་། བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་དགོས། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་འཐབ་ཇུས་ངེས་གནས་སྟངས་འཛིན་བརྟན་པོ་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས།“དོན་ཆེན་བཞིར”དམིགས་པ་དང་། སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་གཙོ་གནད་ཇུས་འགོད་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་སྤྲོ་སེམས་དང་ཧུར་སེམས་འཕེལ་བར་བྱེད་པ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ལས་དོན་མདུན་ཕྱོགས་སུ་སྤེལ་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་དོན་འཁྱོལ་གྱིས་གྲུབ་འབྲས་ཐོབ་རྒྱུར་འགན་ལེན་བྱེད་དགོས་ཤིང་། བོད་ཀྱི་དོན་དངོས་དང་འཚམ་ཞིང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་དགོས།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186275.html 1 /enpproperty-->