分享按钮

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ།

(པར་ངོས་དང་པོར་མཐུད)ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ཐད་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། ཁུར་པོ་ཡང་དུ་གཏོང་བ་དང་། ནུས་སྐྱེད། བཅོས་སྒྲིག་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་པར་འགན་ལེན་ཏན་ཏིག་བྱས་ཏེ། རིམ་པ་ཁག་དང་སྡེ་ཚན་ཁག་ཚང་མས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་གཞི་རིམ་གྱི་གནོན་ཤུགས་ཆུང་དུ་གཏོང་བའི་ཁོར་ཡུག་ཟབ་མོ་གཏོད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་བྱེད་པའི་ལས་དོན་དེ་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། སྲུང་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་དུས་མཚུངས་ལས་གྲྭའི་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་ལག་བསྟར་མགྱོགས་སུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་པ། དེང་རབས་ཀྱི་མཐའ་མཚོ་མཁའ་སྲུང་འཛུགས་སྐྲུན་ལ་རང་འགུལ་ངང་ཞབས་འདེགས་ཞུ་དགོས་པ་སྟེ། ཏང་དང་། སྲིད། དམག ཉེན་རྟོག་པ། མི་དམངས་བཅས་ཀྱིས་མཉམ་དུ་མཐའ་མཚམས་སྲུང་བ་དང་མཉམ་དུ་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་བཏང་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་མང་བ་འབུལ་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན།“དོན་ཆེན་བཞི”ནི་ལྷ་སའི་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་ཕྱོགས་སྟོན་དང་བརྩི་སྲུང་ཞུ་ཡུལ་ཡིན་པས།“ཁུལ་གསུམ་དང་མཐོ་ས་གཅིག”ཧུར་ཐག་གཏོད་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞི”དོན་འཁྱོལ་བྱེད་པའི་ཐབས་ལམ་གྱི་དམ་འཛིན་བྱེད་ས་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་།ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་རྟག་ཏུ་སློབ་སྦྱོང་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཇུས་གཞི་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་། ལས་དོན་རེ་རེ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གནད་དོན་རེ་རེ་བཞིན་ཐག་གཅོད་བཅས་བྱེད་པ་དང་། གསར་གཏོད་ལས་དོན་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་བཏང་ནས།ལྷ་སའི་ལས་དོན་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བཞིན་གོམ་སྟབས་ཆེན་པོས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་ཉེན་ཁ་སེལ་བའི་བྱ་སྤྱོད་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ལས་འགན་ཨང་དང་པོར་དམ་འཛིན་ཤུགས་ཆེན་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཡིན་ལ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི“ལྷུ་ཚིགས་གསུམ”ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་། “ནུས་པ་གསུམ”མཐོ་རུ་ཧུར་ཐག་གཏོང་བ།“ལམ་སྲོལ་གསུམ”འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་བྱེད་པའི་དམ་འཛིན་བྱ་གཞི་ཞིག་ཀྱང་ཡིན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཚད་མཐོའི་མཐོང་ཆེན་ཏན་ཏིག་བྱེད་པ་དང་། ལས་དོན་དོན་འཁྱོལ་དམ་འཛིན་ཏན་ཏིག་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བྱེད་པ་བཅས་བྱེད་པ་དང་།“གཟེར་འདེབས”ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱས་ཏེ། གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། དཔྱད་དཔོག་ནི“རྒྱུགས་ཚད”དང་དམིགས་ཚད་ནི“རྩ་འཛིན”ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“དམིགས་ཚད་སློབ་སྦྱོང”དང་།“དམིགས་ཚད་སྤྱོད་པ” “དམིགས་ཚད་སྒྲུབ་པ”བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། རྒྱུན་གཏན་གྱི“རྒྱུགས་ཆུང”ལ་དམ་འཛིན་བྱེད་པར་མ་ཟད། ལོ་འཁོར་གྱི“རྒྱུགས་ཆེན”ལ་ཡང་དམ་འཛིན་བྱས་ནས་དོན་ཚན་རེ་རེ་བཞིན་སྐྱོན་ཆ་འཚོལ་བ་དང་ཞན་ཆ་ཁ་གསབ་བྱས་ཏེ་རྒྱུཊ་ཚད་ཡག་པོ་འཕྲོད་ཐུབ་པའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དེ་ཟླ་8པའི་ཟླ་སྨད་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།

ཚོགས་འདུའི་ཐོག ད་དུང་དོན་དག་གཞན་དག་ལ་ཡང་ཞིབ་འཇུག་བྱས་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186274.html 1 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ། /enpproperty-->