分享按钮

(པར་ངོས་གཉིས་པར་མཐུད)ཁྱིམ་བདག་དང་ཕྲུ་གུའི་དབར་གྱི་འབྲེལ་བ་བཟང་པོ་འཛུགས་རོགས་བྱས་པ་དང་།བྱིས་པ་བདེ་ཐང་དང་དགའ་སྤྲོའི་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད། འཆད་ཁྲིད་ནང་ཞུགས་མཁན་ཚོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད།ལུས་སེམས་བདེ་ཐང་ལ་སྐུལ་འདེད་ཐེབས་པ་དང་།སྤྱོད་གོ་ཆོད་པའི་རྩལ་ནུས་ཆེ་རུ་ཕྱིན་ནས་སླད་ཕྱིན་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་ཁྱིམ་ཚང་གི་ནུས་པ་འདོན་སྤེལ་དང་གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་གསར་པ་འཕེལ་བར་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་གཞོན་པ་ལུའོ་ཧན་གྱིས་ད་རེས་ནི་ང་ཚོ་སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡིས་སྤེལ་བའི་ཨ་མས་རོགས་རམ་བྱེད་ཅེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོའི་བྱེད་སྒོ་ཐོག་མ་དེ་ཡིན། ང་ཚོས་ད་དུང་གནས་ཆུང་ཁྲོམ་གཞུང་དང་ཡབ་མདའ་ཁྲོམ་གཞུང་དུ་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་དང་། དེ་རྗེས་ང་ཚོས་ཀྱང་མུ་མཐུད་འདོད་བློ་ཡོད་པའི་སྦྲུམ་མ་དང་ཨ་མ་གསར་དུ་བསྡུས་ནས་གསོ་སྦྱོང་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ།ཁོང་ཚོར་མི་སྒེར་གྱི་རྩལ་ནུས་ཆེ་རུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ནང་ཞུགས་རྒྱུར་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱས་ཐོག ཁོང་ཚོར་མི་སྒེར་གྱི་འོད་མདངས་རབ་ཏུ་འཕྲོ་བར་བྱེད་པ་དང་ཆབས་ཅིག་གཞི་རིམ་བཅོས་སྐྱོང་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་ཡིན་ཞེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186273.html 1 /enpproperty-->