分享按钮

ཆུ་ཤུར་རྫོང་བདེ་སྐྱིད་གྲོང་ཚོའི་གནས་སྤོ་ལས་གཞི་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་14ཉིན། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོའི(ཚོགས་ཆུང་དང་པོ་ནས་དྲུག་པ་བར)གནས་སྤོ་ལས་གཞི་འགོ་ཚུགས་པའི་མཛད་སྒོ་བདེ་སྐྱིད་གྲོང་ཚོར་འཚོགས་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་འཕྲིན་ལས་དར་རྒྱས་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

འཕྲིན་ལས་དར་རྒྱས་ཀྱིས་ཆུ་ཤུར་རྫོང་བདེ་སྐྱིད་གྲོང་ཚོའི་གནས་སྤོའི་ལས་གཞི་ནི་2024ལོའི་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ལས་གཞི་ཞིག་ཡིན་པ་དང་།རྣམ་གྲངས་བསྐྲུན་རྗེས་མཉེས་ཐང་ཤང་གི་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་གླིང་འཕེལ་རྒྱས་ལ་བར་མཐོངས་འདང་ངེས་ཤིག་འཇོག་ཐུབ་པར་མ་ཟད།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དེ་བས་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

འཕྲིན་ལས་དར་རྒྱས་ཀྱིས།རྫོང་ཡོངས་ཀྱི་སྟོབས་ཤུགས་འདོན་པ་དང་རྫོང་ཡོངས་ཀྱི་བློ་གྲོས་བསྡུ་བ།རྫོང་ཡོངས་ཀྱི་འགན་འཁྲི་སྒྲུབ་པ་དང་ལས་ཀའི་ཆེད་དོན་ཚོགས་ཆུང་བཙུགས་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྫོང་ཡོངས་ཀྱི་རིམ་ཁག་སྡེ་ཚན་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྣམ་གྲངས་ཀྱི་ལས་ཡུལ་དེ་འཐབ་ས་དང་རྣམ་གྲངས་ཀྱི་ལས་ཡུལ་དེ་རྒྱུགས་ར།རྣམ་གྲངས་ཀྱི་འཕེལ་རིམ་དེ་ཚད་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། གྱེན་ལ་འཛེགས་པའི་ངར་ཤུགས་བཏོན་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་པོར་དམིགས་པ་དང་བདེ་འཇགས་ཐོན་སྐྱེད་ཞིབ་ཚགས་དང་ཏན་ཏིག་ཡོང་བར་བྱེད་དགོས་ལ། གནས་སྤོའི་ལས་གཞི་གཏིང་ཟབ་དང་ཏན་ཏིག་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

གྲོང་སྤྱི་གཞོན་པ་བློ་བསྟན་མཛད་སྒོར་ཕེབས་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186270.html 1 ཆུ་ཤུར་རྫོང་བདེ་སྐྱིད་གྲོང་ཚོའི་གནས་སྤོ་ལས་གཞི་འགོ་ཚུགས་པའི་མཛད་སྒོ་འཚོགས་པ། /enpproperty-->