分享按钮

ཅང་སུའུ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁ་གཏད་རོགས་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་15ཉིན། ཅང་སུའུ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་སར་ཁ་གཏད་རོགས་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཅང་སུའུ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལིའུ་ཚུང་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཕན་ཝུན་ཆིང་ཚོགས་འདུར་ཞུགས་པར་མ་ཟད། གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག ཅང་སུའུ་དང་ལྷ་ས་གཉིས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སོ་སོའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་ངོ་སྤྲོད་བྱས་པ་དང་། ཅང་སུའུ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་གཟི་བརྗིད་བྱ་གཞག་གི་ཐེབས་རྩ་སྒོར་ཁྲི་40ཞལ་འདེབས་སུ་ཕུལ་བ་རེད། ཕན་ཝུན་ཆིང་གིས། ཆ་འཕྲིན་མཉམ་སྤྱོད་དང་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་མཉམ་ལས་དང་རྣམ་གྲངས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣའི་སྤེལ་རེས་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་བྱེད་སྟངས་དང་ལམ་སྲོལ་གསར་པ་གཏོད་པ་བཅས་ཕྱོགས་བཞིའི་ཐད་ནས་གྲོས་འགོ་བཏོན་པར་མ་ཟད། ས་གནས་གཉིས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་རེས་དང་མཉམ་ལས་བྱེད་ཚད་ཟབ་ཏུ་བཏང་ནས་ས་གནས་གཉིས་ཀྱི་དམངས་གཉེར་ཁེ་ལས་ཀྱི་མཉམ་ལས་ལ་དེ་བས་སྟབས་བདེ་བ་དང་ནུས་པ་ཆེ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ལིའུ་ཚུང་གིས། ཅང་སུའུ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཅང་སུའུ་ཡི་དམངས་གཉེར་ཁེ་ལས་དེའི་ནང་ཞུགས་རྒྱུར་སྐུལ་སློང་ཧུར་ཐག་བྱ་རྒྱུ་དང་། གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་བོད་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186269.html 1 ཅང་སུའུ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁ་གཏད་རོགས་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->