ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དང་བླངས་ཞབས་ཞུ་དང་གཞི་རིམ་བཅོས་སྐྱོང་མཉམ་འདྲེས་དམ་ཟབ་བྱས་ཏེ་གཞི་རིམ་མང་ཚོགས་ཚོ་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་བར་བྱེད་པ་དང་། མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་འཁུར་བ།མི་ཚང་མས་ལོངས་སུ་སྤྱོད་པའི་གཞི་རིམ་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་ཞིག་ཆགས་པར་བྱ་ཆེད། ཉིན་ཤས་གོང་སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡིས་གདོང་དཀར་ཁྲོམ་གཞུང་དུ་ཨ་མས་རོགས་རམ་བྱེད་ཅེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་ཁྲོམ་གཞུང་དེའི་ལས་བྱེད་པ་དང་མང་ཚོགས་30ལྷག་ཙམ་ཞུགས་ཡོད་པ་རེད།
བྱེད་སྒོའི་ཐོག བོད་ལྗོངས་ཨའེ་པེ་ཨེར་ཧྲི་ཨན་རྒྱལ་སྤྱིའི་རྩེར་སོན་བང་སངས་འདུ་གནས་ཀྱི་ནད་གཡོག་དཔོན་ཤའོ་ཐིང་ཞང་གདན་དྲངས་ནས་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་དུ་སྦྲུམ་མ་དང་གཅེས་ཕྲུག་གི་ཨ་མ་སོགས་ལ་སློབ་ཁྲིད་བྱས་པ་རེད།འཆད་ཁྲིད་ནང་ཤའོ་ཐིང་ཞང་གིས་འཚོ་བའི་ཁྲོད་ཀྱི་དཔེ་མཚོན་བརྒྱུད་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཚང་མར་ཕྲུ་གུ་བཙས་རྗེས་ཁམས་གསོའི་གལ་ཆེའི་རང་བཞིན་དང་། གང་ཞིག་ནི་ཚན་རིག་དང་མཐུན་པའི་བང་སངས་དང་། འཚོ་བཅུད་ལྡན་པའི་ལྟོ་ཆས་ཟ་དགོས་དོན་གང་ཡིན་པ་སོགས་ཕྱོགས་མང་པོའི་ཐད་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ་ས་གནས་ས་ཐོག་ཏུ་ཚང་མའི་དོགས་གནད་དང་གནད་དོན་ལ་ལན་བརྒྱབ་པས་གསོན་ཉམས་ལྡན་ལ་སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཀྱིས་དེའི་ནང་ཞུགས་མཁན་མི་སྣར་ཕན་པ་ཆེན་པོ་ཐོབ་ཡོད།སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་དགའ་གདོང་སྡེ་ཁུལ་གྱི་གྲོང་མི་ཧན་ཆིང་ཆིང་གིས་ང་ད་ཆ་ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་པས་དེ་རིང་གི་འཆད་ཁྲིད་དེ་ངའི་ངོས་ནས་བརྗོད་ན་ཧ་ཅང་གོ་ཆོད་པོ་འདུག་པས།ཕྲུ་གུ་བཙས་རྗེས་ཀྱི་ཁམས་གསོའི་ཤེས་བྱ་སློབ་སྦྱོང་ཐུབ་བྱུང་ལ་ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཕྲུ་གུ་གསོ་སྐྱོང་བྱ་རྒྱུའི་ཐད་དེ་བས་ཤེས་རྟོགས་བྱུང་། སླད་ཕྱིན་འཆད་ཁྲིད་དེ་འདྲ་མང་ཙམ་གཉེར་རྒྱུའི་རེ་བ་ཡོད་ཅེས་བཤད།
འཆད་ཁྲིད་བྱ་ཡུལ་དུ་ཤའོ་ཐིང་ཞང་གིས་ད་དུང་ཚང་མར་འབྲེལ་གཏུག་ནུས་ལྡན་བྱེད་པའི་ཐབས་རྩལ་འགྲེལ་བཤད་བརྒྱབ་པ་དང་། དྲི་བ་དྲིས་ལན་དང་ས་གནས་ས་ཐོག་གི་ལད་མོ་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཚང་མ་དང་མཉམ་འགུལ་བྱས་ཏེ་ཁོང་ཚོར་ཕན་ཚུན་བསམ་གཞིགས་བྱེད་ཤེས་པ་དང་དུས་མཚམས་མི་འདྲ་བའི་ཕྲུ་གུའི་སེམས་ཁམས་ཀྱི་ཁྱད་ཆོས་ཤེས་རྟོགས་བྱས་ནས་ཕྲུ་གུར་འཚམ་པའི་སློབ་གསོ་གཏོང་སྟངས་འཚོལ་བ་དང་།ཕ་མ་དང་བུ་ཕྲུག་གི་འབྲེལ་གཏུག་ཐབས་རྩལ་ནུས་ལྡན་ཁོང་དུ་ཆུད་པར་བྱས་ཏེ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社