ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་14ཉིན། པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་གྱི་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སུ་འཚོགས་པ་རེད། པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་ཀྲང་ལེང་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡི་ཁོངས་མི་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྤེན་པ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་སྟོད་ལུང་བདེ་ཆེན་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འཐུས་མིས་རོགས་སྐྱོར་ཐོབ་པའི་རྫོང(ཆུས)4ཡི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རེས་སྐོར་གསུམ་པའི་རོགས་སྐྱོར་ཐོབ་པའི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་ཡིས་པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་བཟོ་ཚོགས་ལ་ཁ་གཏད་རོགས་སྐྱོར་བྱས་པའི་མ་དངུལ་དང་རྣམ་གྲངས་དོན་འཁྱོལ་བྱས་ཚུལ་སྐོར་ཁྱོན་ཡོངས་ནས་སྙན་སེང་ཞུས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་འདི་ལོ་ནི་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལག་བསྟར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་རེད། ལོ་མང་རིང་པེ་ཅིང་བཟོ་ཚོགས་ཀྱིས་ལས་བྱེད་པའི་སློབ་གསོ་དང་།ལས་བཟོའི་རྩལ་ནུས་མཐོ་རུ་གཏོང་བ།ལས་བཟོའི་ཁེ་དབང་འགན་ལེན་བཅས་ཀྱི་ཐད་ལྷ་སའི་བཟོ་ཚོགས་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་པས་ལྷ་སའི་བཟོ་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་དང་གསོན་ཤུགས་ཆེན་པོ་བསྣན་ཡོད། ལྷག་པར་དུ་ལྷ་སའི་བཟོ་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འགྲན་སློང་འཕྲད་སྐབས་པེ་ཅིང་བཟོ་ཚོགས་ཀྱིས་ལྷ་སའི་བཟོ་ཚོགས་ལ་རྩ་ཆེའི་ཉམས་མྱོང་དང་། ཐོན་ཁུངས།མ་དངུལ་འབོར་ཆེན་བཅས་ཀྱི་རྒྱབ་སྐྱོར་བྱས་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社