分享按钮

ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཏིར་ཏིར་ཕྱོགས་ཐོན་ཚན་རྩལ་ཚད་ཡོད་ཀུང་སི་དབར་བཞུགས་མོལ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་15ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཏིར་ཏིར་ཕྱོགས་ཐོན་ཚན་རྩལ་ཚད་ཡོད་ཀུང་སི་དབར་བཞུགས་མོལ་བྱས་ནས་ཕྱོགས་གཉིས་པོས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱ་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཏིར་ཏིར་ཕྱོགས་ཐོན་སྲིད་གཞུང་ལས་དོན་གྱི་སྤྱི་འདོམས་པ་གཞོན་པ་ཀྲང་ཕེ་ཁོང་ཚོགས་འདུར་ཕེབས་པ་དང་འབྲེལ་ཏིར་ཏིར་ཕྱོགས་ཐོན་གྱིས་ལྷ་སར་མ་འཇོག་དང་གཉེར་སྐྱོང་སོགས་བྱེད་པའི་འབྲེལ་ཡོད་ལས་སྒོའི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

ཝང་ཆང་གིས་ཀྲང་ཕེ་ཁོང་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་སྦྲགས་ཏིར་ཏིར་ཕྱོགས་ཐོན་ཚན་རྩལ་ཚད་ཡོད་ཀུང་སིས་དུས་ཡུན་རིང་པོའི་ནང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་དང་ལྷག་པར་དུ་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།སླད་ཕྱིན་ཏིར་ཏིར་ཕྱོགས་ཐོན་གྱིས་ལྷ་སར་མུ་མཐུད་རྩ་བ་ཚུགས་པ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤུས་རྟགས་དང་། ལག་རྩལ། ལས་སྟེགས། ཞབས་ཞུ་སོགས་ཐད་ཀྱི་ལེགས་ཆ་གང་ལེགས་སྤྱོད་པ་དང་། ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ལྷ་སའི་དྲ་འབོད་རླངས་འཁོར་ལས་རིགས་ཁྲོམ་ར་ཅན་དང་ཚད་ལྡན་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ལྷ་སའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་འགྱུར་བར་བྱ་རྒྱུའི་རེ་བ་ཡོད། ལྷ་ས་གྲོང་ཁྱེར་གྱིས་སྔར་བས་སྒོ་དབྱེའི་རྣམ་འགྱུར་དང་།སྔར་བས་ཁོང་ཡངས་ཀྱི་ཁོར་ཡུག སྔར་བས་ནུས་ཆེའི་ཞབས་ཞུ་བཅས་ཀྱི་ཐོག་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་བོད་ལ་མ་འཇོག་བྱེད་པར་ཐོག་མར་ལྷ་ས་འདེམས་པའི་ཞབས་ཞུའི་སྤུས་རྟགས་སྔར་བས་ལེགས་སུ་བཏང་སྟེ་ཁེ་ལས་བློ་བདེ་པོའི་ངང་མ་འཇོག་དང་།གཉེར་སྐྱོང་།འཕེལ་རྒྱས་བཅས་ཡོང་བར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186262.html 1 ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཏིར་ཏིར་ཕྱོགས་ཐོན་ཚན་རྩལ་ཚད་ཡོད་ཀུང་སི་དབར་བཞུགས་མོལ་བྱས་པ། /enpproperty-->