分享按钮

སྒོ་འགྲམ་དུ་རིག་ནུས་མཉམ་སྤྱོད་ཀྱི་རང་འདེམས་པར་འདེབས་འཕྲུལ་ཆས་སྤྱོད་རྒྱུ་ཡོད་པ།

ཕྱི་ནང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་བདེ་བསྐྲུན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཕྱི་ནང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་ཚན་རྩལ་རིག་ནུས་མཉམ་སྤྱོད་ཀྱི་རང་འདེམས་པར་འདེབས་འཕྲུལ་འཁོར་ཞིག་སྤྲད་པ་རེད།

ཕྱི་ནང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་ཁྱིམ་ཚང་དུ་བཅར་འདྲི་བྱེད་སྐབས།ཡུལ་མི་ཁག་གཅིག་གིས་རྒྱུན་གཏན་པར་འདེབས་ཚོང་ཁང་དུ་ཕྲུ་གུའི་ཁྱིམ་སྦྱོང་དང་། བསྐྱར་སྦྱོང་དཔྱད་གཞི།ལག་ཁྱེར་སོགས་པར་འདེབས་སྐབས་རྙོག་འཛིང་ཆེན་པོ་འདུག་ཅེས་བཤད། གནས་ཚུལ་དེར་དམིགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་བསམ་གཞིགས་དང་འཆར་འགོད་ཧུར་ཐག་བྱས་ཏེ་བཀོལ་སྤྱོད་སྟབས་བདེ་དང་སྤྱོད་གོ་ཆོད་པའི་རིག་ནུས་མཉམ་སྤྱོད་ཀྱི་རང་འདེམས་པར་འདེབས་འཕྲུལ་འཁོར་ཞིག་ཉོས་ནས་གྲོང་ཚོ་ཨུ་ལྷན་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་བཞག་ཅིང་།གྲོང་མིར་རིན་མི་དགོས་པར་པར་བཀོལ་སྤྱོད་བྱེད་དུ་འཇུག་གི་ཡོད། བཀོལ་སྤྱོད་སྟབས་བདེ་ལ་ཡིག་ཆ་དང་པར་རིས།ལག་ཁྱེར་སོགས་སྟབས་བདེའི་ངང་པར་སློག་ཐུབ་ཀྱི་ཡོད། ང་ཚོའི་གྲོང་ཚོར་སློབ་མ་200ལྷག་ཙམ་ཡོད། རྟག་ཏུ་རང་སྦྱོང་དང་། དཔྱད་གཞི། པར་རིས་སོགས་པར་སློག་བྱེད་དགོས་ཀྱི་ཡོད། སྔར་ཡོད་ཀྱི་པར་སློག་བྱེད་སྟངས་རྙོག་འཛིང་ཆེ་ལ་དུས་ཚོད་ཀྱང་མང་པོ་འགོར་གྱི་ཡོད་པ་མ་ཟད།ཚོན་ཁྲ་ཅན་པར་སློག་ཐུབ་ཀྱི་མེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 ཕྱི་ནང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་བདེ་བསྐྲུན་པ། 6 6 拉萨日报藏文 c186260.html 1 སྒོ་འགྲམ་དུ་རིག་ནུས་མཉམ་སྤྱོད་ཀྱི་རང་འདེམས་པར་འདེབས་འཕྲུལ་ཆས་སྤྱོད་རྒྱུ་ཡོད་པ། /enpproperty-->