分享按钮

2024ལོའི་བོད་ཀྱི་མཐོ་འབྲིང་དུས་མཚམས་ཀྱི་སློབ་མ་བསྡུ་བའི་ལས་དོན་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་འབྲིང་དུས་མཚམས་ཀྱི་སློབ་མ་བསྡུ་བའི་ལས་དོན་དེ་ཟླ་8ཚེས་12ཉིན་ནས་ཟླ་8ཚེས་14ཉིན་གྱི་ཆུ་ཚོད་18དང་སྐར་མ་30བར་སྤེལ་བ་དང་། སློབ་མ་གསར་པ་104བསྡུས་ཡོད།དེའི་ནང་སྐམ་དམག་མཐའ་མཚམས་སྲུང་སློབ་གླིང་ཁུན་མིང་སློབ་ཁུལ་བོད་རིགས་སློབ་འབྲིང་ལ་སློབ་མ་70བསྡུས་པ་དང་། ཀྲུའུ་ཧའེ་གྲོང་ཁྱེར་སློབ་འབྲིང་བཞི་པར(ཐད་ཀར)སློབ་མ་34བསྡུས་ཡོད་པ་རེད། ཐེངས་འདིར་ཡིག་ཚགས་སྤྲད་པའི་སྔ་སྣུར་དུ་སྡུ་བའི་དུས་ཁག་དང་པོ་ནི(བོད་ཀྱི་མཐོ་རིམ་སློབ་འབྲིང་འཛིན་གྲྭ)ཡིན་པ་རེད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་སློབ་བསྡུའི་དོན་དངོས་དང་ལས་ཀའི་དུས་ཚོད་དང་ཟུང་འབྲེལ་བྱས་ནས་གཤམ་གསལ་གྱི་ཐབས་ལམ་བརྒྱུད་དེ་འབྲེལ་ཡོད་ཀྱི་སློབ་བསྡུའི་སྲིད་ཇུས་དང་སློབ་མ་བསྡུ་བའི་མཇུག་འབྲས་སོགས་ཀྱི་ཆ་འཕྲིན་ཤེས་རྟོགས་དང་འདྲི་རྩད་བྱེད་ཆོག་སྟེ།

(གཅིག)བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་སློབ་བསྡུའི་ཆ་འཕྲིན་འདྲི་རྩད་མ་ལག

http://xxcx.zsks.edu.xizang.gov.cn:8082

(གཉིས)བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་བོད་ལྗོངས་ན་གཞོན་ཞེས་པའི་སྐད་འཕྲིན་སྤྱི་སྟེགས།

(གསུམ)“བོད་ལྗོངས་སློབ་གསོ་རྒྱུགས་ལེན་སློབ་བསྡུ”ཞེས་པའི་འཕྲིན་ཕྲན་ཞབས་ཞུའི་ཨང་རྟགས་སྦྲེལ་ནས་འཕྲལ་དུ་སློབ་བསྡུའི་ཆ་འཕྲིན་བསྐྱལ་རྒྱུ།

(བཞི)བོད་རང་སྐྱོང་ལྗོངས་ཀྱི་མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་མ་བསྡུ་བའི་ཆ་འཕྲིན་དོ་དམ་མ་ལག

http://zk.zsks.edu.xizang.gov.cn:8082

2024ལོའི་བོད་ཀྱི་མཐོ་འབྲིང་དུས་མཚམས་ཀྱི་སློབ་མ་བསྡུ་བའི་གོ་རིམ་སྟེ། སྔ་བསྡུ་བྱས་པའི་ཁག་དང་པོ(བོད་ཀྱི་མཐོ་རིམ་སློབ་འབྲིང་འཛིན་གྲྭ) སྔ་བསྡུ་བྱས་པའི་ཁག་གཉིས་པ(རང་བདག་ངང་སློབ་མ་བསྡུ་བ) ཁག་དང་པོ(ལྗོངས་ནང་ཁུལ་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང) ཁག་གཉིས་པ(མཐའ་མཚམས་རོགས་སྐྱོར་འཆར་གཞི) ཁག་གསུམ་པ(ལྗོངས་ནང་ཁུལ་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་དང་དཔེ་སྟོན་རང་བཞིན་མིན་པའི་མཐོ་རིམ་སློབ་འབྲིང) ཁག་བཞི་པ(བོད་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ) ཁག་ལྔ་པ(དུམ་བུ་དབྱེ་བའི་རྒྱུན་མཐུད་ལམ་ལུགས) ཁག་དྲུག་པ(ལྗོངས་ནང་ཁུལ་གྱི་འབྲིང་རིམ་ལས་རིགས་དང་དར་མའི་འབྲིང་རིམ་ཆེད་ལས་སློབ་འབྲིང)བཅས་ཡིན་པ་རེད།

གཅིག བློ་འདྲིའི་ཁ་པར།

རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་བློ་འདྲིའི་ཞབས་ཞུའི་ཚོམས་ཆེན་0891-6314277དང་།0891-6314322

གཉིས་པ། ཐེར་འདོན་བདག་སྤྲོད་བྱ་ཡུལ།

ལྟ་སྐུལ་ཁ་པར།0891-6361823དང་། ཐེར་འདོན་ཡིག་སྒམ། xzksyczzzb@163.com

གསུམ། ཡུལ་དངོས་ཀྱི་བློ་འདྲི།

བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་བློ་འདྲིའི་ཞབས་ཞུའི་ཚོམས་ཆེན་དང་།ས་གནས་ཁག་གི་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་སློབ་མ་བསྡུ་བའི་རྒྱུགས་ལེན་སྡེ་ཚན་ཡིན།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-16 6 6 拉萨日报藏文 c186256.html 1 2024ལོའི་བོད་ཀྱི་མཐོ་འབྲིང་དུས་མཚམས་ཀྱི་སློབ་མ་བསྡུ་བའི་ལས་དོན་སྤེལ་འགོ་ཚུགས་པ། /enpproperty-->