分享按钮

བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་བདེ་བླག་ངང་མཇུག་འགྲིལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་12ཉིན་གྱི་དགོང་མོར། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་བདེ་བླག་ངང་མཇུག་འགྲིལ་བ་རེད།

མཇུག་འགྲིལ་མཛད་སྒོའི་ཡུལ་དངོས་སུ། འགོ་ཚུགས་ཞབས་བྲོ《བདེ་སྐྱིད་ལྡན་པའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས》ཞེས་པ་སྔོན་ལ་འཁྲབ་སྟོན་བྱས་ནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་མཇུག་འགྲིལ་མཛད་སྒོའི་འགོ་ཚུཊ་པ་རེད། ལྷ་མོའི་གླུ་བྲོ《གཏམ་བཟང》དང་། དམངས་གཞས་མཉམ་དཀྲོལ《སྙན་པའི་དབྱངས་ཀྱིས་བསྐལ་པ་བཟང་པོར་བསྟོད་གླུ་འབུལ》 མཉམ་གཞས《སྤྲོ་སྣང་ལྡན་པའི་མི་ཚེ》 འབྲོག་གླུ་དང་། ལ་གླུ། ཆེད་ལས་སྙན་གླུ་ལེན་སྟངས།གོ་བདེའི་གླུ་དབྱངས་ལེན་སྟངས་བཅས་མཉམ་ལེན《གླུ་སྐད་སྙན་པོ་གངས་རིའི་ལྗོངས་སུ་གྲགས》 འབུད་དཀྲོལ་རོལ་མོ《བོད་ཀྱི་ཡུལ་སྲོལ》ཞབས་བྲོའི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་བརྩམས་ཆོས《ས་མཐོའི་དབྱར་གཞུང་གི་མཚན་མོར་ཞབས་བྲོ་འཁྲབ》 གླུ་གཞས་དང་རྒྱན་གོས་མཉམ་འཁྲབ《བོད་ཀྱི་ཕུགས་འདུན》སོགས་ཕུལ་བྱུང་ལེ་ཚན་རབ་དང་རིམ་པ་འཁྲབ་སྟོན་བྱས་ནས་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩི་རུ་གྱུར་བའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དེ་ཟླ་7ཚེས་12ཉིན་འགོ་ཚུགས་པ་ནས་བཟུང་། ངོ་མཚར་ཆེ་བའི་ལེ་ཚན་མང་པོ་ཞིག་འཁྲབ་སྟོན་བྱས་ཡོད། ཕུལ་བྱུང་ཟློས་གར(ལེ་ཚན)10ལྗོངས་ཡོངས་ཀྱི་ཕུལ་བྱུང་ཟློས་གར་འགྲེམས་སྟོན་ནང་ཞུགས་པ་དང་། རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ། རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ། གྲོང་ཁྱེར(ས་ཁུལ)7བཅས་ཁྱོན་འཁྲབ་སྟོན་ཚོགས་པ་24ཡིས་ཉིན་30ཡི་ནང་འཁྲབ་སྟོན་ཐེངས་40བྱས་པ་དང་། དེའི་ནང་ལྷ་མོ་དང་། གཞས་མ་གཏམ། གཏམ་བརྗོད་ཟློས་གར། རོལ་ཚོགས། རིག་རྩལ་མཚན་ཚོགས་སོགས་ཚུད་ཡོད། ལྗོངས་ཕྱི་ནང་གི་ལེ་ཚན(བརྩམས་ཆོས)761དང་འགྲན་བསྡུར་ནང་ཞུགས་མཁན་མི་གྲངས་1579གཞོན་ནུ་གཞས་པའི་འགྲན་བསྡུར་ཆེན་མོ་དང་། ཆེད་ལས་ཞབས་བྲོའི་འགྲན་བསྡུར། ལྷ་མོའི་རྣམ་ཐར་འགྲན་བསྡུར། མི་རིགས་རོལ་དབྱངས་འགྲན་བསྡུར། ཟློས་གར་ཆུང་གྲས་དང་གཏམ་བརྗོད་ཐུང་གྲས་ཀྱི་འགྲན་བསྡུར། ལྗོངས་ཡོངས་ཀྱི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར། གླུ་པ་གླུ་མ་རྩེ་གྲའི་འགྲན་བསྡུར་སོགས་ནང་ཞུགས་པ་རེད། ཕུལ་བྱུང་ཟློས་གར་འགྲེམས་སྟོན་དང་། རིག་གནས་གསར་གཏོད་འགྲན་བསྡུར། ཡུལ་སྐོར་སྣེ་ཤན་པའི་འགྲན་བསྡུར། གྲོང་ཁྱེར(ས་ཁུལ)གྱི་ཁྱད་ལྡན་ཚོང་ཟོག་འགྲེམས་སྟོན་སོགས་ཀྱིས་རང་ལྗོངས་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། གཞན་ཡང་ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཞབས་བྲོའི་འགྲན་བསྡུར་དང་། བརྐོས་དཀྲོལ་པར་འདེབས་འགྲེམས་སྟོན། ཡིག་གཟུགས་མཛེས་རྩལ་འགྲེམས་སྟོན། ཕུལ་བྱུང་གཙོ་དོན་གླུ་གར་འཁྲབ་སྟོན་སོགས་རིག་གནས་བྱེད་སྒོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཟབ་མོ་མངོན་པ་དང་སྐྱིད་པའི་བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་བརྒྱུད་སྤྲོད་བྱས་ཡོད།

མཇུག་འགྲིལ་མཛད་སྒོའི་མཚན་ཚོགས་ཐོག བོད་རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་གྱི་བྱ་དགའ་མཐོ་ཤོས་སྟེ་སྐལ་བཟང་མེ་ཏོག་བྱ་དགའ་དང་། བོད་ལྗོངས་སྐར་ཚོགས་བྱ་དགའ་དང་དེ་བཞིན་འབྲེལ་ཡོད་སྒྱུ་རྩལ་འགྲན་བསྡུར་གྱི་བྱ་དགའ་རེ་རེ་བཞིན་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་སྐལ་བཟང་མེ་ཏོག་གི་མི་སྒེར་གྱི་བྱ་དགའ་6དང་། སྐལ་བཟང་མེ་ཏོག་གི་བྱ་དགའ་ཆེན་པོ་3ཡོད་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-16 6 6 拉萨日报藏文 c186257.html 1 བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་བདེ་བླག་ངང་མཇུག་འགྲིལ་བ། /enpproperty-->