ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2024ལོའི་ཟླ་8ཚེས་8ཉིན་ནས་ཟླ་8ཚེས་14ཉིན་བར། རྩྭ་ཐང་གི་ཆེས་མཛེས་པའི་དུས་ཚིགས་ཏེ་འདམ་སྤྱི་རིམ་གྱི་རྟ་རྒྱུག་འགྲན་ཚོགས་དེ་འདམ་གཞུང་རྫོང་རྟ་རྒྱུག་ཐང་དུ་གཉེར་བ་རེད།
ད་ཐེངས་ཀྱི་རྟ་རྒྱུག་འགྲན་ཚོགས་ཀྱི་དུས་ཡུན་རིང་བ་དང་། མི་ཚོགས་མང་བ། དུས་མཚུངས་གནས་སྐབས་རང་བཞིན་གྱི་གློག་སྤྱོད་རྒྱུ་དང་འབྲེལ་བ་ཡོད། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་རིང་གི་གློག་ཤུགས་མཁོ་སྤྲོད་ཐད་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་འདམ་གཞུང་རྫོང་གློག་འདོན་ཀུང་སིའི་ཏང་ཡོན་ཞབས་ཞུའི་རུ་ཁག་གིས་ལས་དོན་པ་བཀོད་སྒྲིག་བྱས་ནས་ས་ཁོངས་མི་འདྲ་བར་བཅའ་སྡོད་བྱས་ཏེ། གནས་ཡུལ་གཙོ་བོར་དམིགས་ནས་གཅིག་གཏད་གཅིག་གི་ཞབས་ཞུའི་ལམ་སྲོལ་བཙུགས་ནས་རྩྭ་ཐང་གི་རྟ་རྒྱུག་འགྲན་ཚོགས་ལ་ཞབས་ཞུ་གང་ལེགས་བསྒྲུབས་པ་རེད།
རྟ་རྒྱུག་འགྲན་ཚོགས་མ་གཉེར་གོང་དུ། རྒྱལ་ཁབ་གློག་དྲ་འདམ་གཞུང་རྫོང་གློག་འདོན་ཀུང་སིའི་ཏང་ཡོན་ཞབས་ཞུའི་རུ་ཁག་གིས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་སྔ་སྣུར་དུ་རང་འགུལ་ངང་རྫོང་སྲིད་གཞུང་གི་འབྲེལ་ཡོད་ཚན་པ་དང་འབྲེལ་མཐུད་བྱས་ནས། འདམ་སྤྱི་རིམ་རྟ་རྒྱུག་འགྲན་བསྡུར་གྱི་གནས་ཚུལ་དངོས་གཞིར་བཟུང་གློག་འདོན་འགན་ལེན་གྱི་ཇུས་གཞི་བཟོས་པ་རེད།
རྟ་རྒྱུག་འགྲན་བསྡུར་སྤེལ་རིང་། བྱེད་སྒོ་སྤེལ་ཡུལ་གཙོ་བོ་དང་། ཚོང་ཟོག་ཁུལ། བཟའ་བཏུང་ཁུལ། རོལ་རྩེད་ཁུལ་བཅས་སུ་གནས་སྐབས་ཀྱི་གློག་མཐུད་སྦྲེལ་དང་། མཛུབ་ཁྲིད། གྲལ་བཤེར་བཅས་ཀྱི་ལས་དོན་སྔ་སྣུར་དུ་ལེགས་སྒྲུབ་བྱས་ནས་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་པ་རེད།
ད་ཐེངས་ཀྱི་རྟ་རྒྱུག་འགྲན་བསྡུར་ལ་རྒྱལ་ཁབ་གློག་དྲ་འདམ་གཞུང་རྫོང་གློག་འདོན་ཀུང་སིས་ཏང་ཡོན་13དང་། གློག་འགན་ལེན་གྱི་རླངས་འཁོར་5སྒྲིག་འཛུགས་བྱས་ནས་ཆུ་ཚོད་24རིང་གྲ་སྒྲིག་དང་བཀའ་སྒུག་བྱས་ཏེ། གློག་འགན་ལེན་རིང་གི་ལས་དོན་པ་དང་། དངོས་རྫས། འཁོར་རིགས། འཕྲལ་སྡོམ་སྒྲིག་ཆས་བཅས་བཀོད་སྒྲིག་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས་ད་ཐེངས་ཀྱི་རྟ་རྒྱུག་འགྲན་བསྡུར་ལ་གློག་ཤུགས་ཐད་འགན་ལེན་བྱས་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社