(པར་ངོས་དང་པོར་མཐུད)ཆུ་མཛོད་ཁུལ་གྱི་མང་ཚོགས་དང་བླངས་པའི་ཞབས་ཞུའི་དཔུང་ཁག་ནང་ཞུགས་པ་དང་། ལྷག་བསམ་ཟོལ་མེད་ངང་ཆུ་མཛོད་ཀྱི་དྭངས་ཤིང་གཙང་བའི་ཆུར་སྲུང་སྐྱོང་བྱས་པས་ཆུ་མཛོད་ཁུལ་གྱི་ཆུ་སྔར་བས་དྭངས་གཙང་དང་། རི་བོ་སྔར་བས་སྔོ་བ། ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ་བཅས་སུ་གྱུར་པར་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭ་དེ་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་། ཕུགས་ཀྱི་འཕེལ་རྒྱས། མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད་པས། ཆུ་མགོའི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཆུ་གཙང་མ་ནམ་ཡང་བྱང་ཕྱོགས་སུ་བསྐྱོད་རྒྱུར་འགན་ལེན་ཏན་ཏིག་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པ་དང་དུས་ཡུན་རིང་པོར་འབད་བརྩོན་བྱེད་དགོས། ཁྱེད་ཚོས་དང་བླངས་པའི་ཞབས་ཞུའི་སྙིང་སྟོབས་མུ་མཐུད་ནས་དར་སྤེལ་བཏང་སྟེ་མི་དེ་བས་མང་བས་རང་རྟོགས་ངང་ཆུར་སྲུང་སྐྱོང་དང་ཆུར་གྲོན་ཆུང་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ། ལག་གདང་སྦྲེལ་ནས་རི་ཀླུང་རྟག་ཏུ་སྔོ་བ་དང་། དྭངས་ཞིང་གཙང་བའི་ཆུ་བོ་རྟག་ཏུ་བཞུར་བ། མཁའ་རླུང་རྟག་ཏུ་གསར་པ་ཡིན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
2014ལོར། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་དངོས་སུ་ཆུ་ཤར་གཏོང་ཐུབ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་རེད། ལོ་བཅུའི་རིང་ལ། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ཆུ་ཁུངས་གལ་ཆེན་ཞིག་ཡིན་པའི་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་དུ་རྒྱུན་མཐུད་ངང་ཆུའི་སྤུས་ཚད་ལ་སྲུང་སྐྱོང་གཏིང་བྱས་པ་དང་། དང་བླངས་པ་ཚུད་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཆུར་བཅོས་སྐྱོང་དང་སྲུང་སྐྱོང་གི་ལས་དོན་ནང་ཧུར་ཐག་ཞུགས་པས། ཏན་ཅང་ཁོའུ་ཆུ་མཛོད་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པ་དང་དེ་ཡན་གྱི་ཚད་གཞིར་སླེབས་ཡོད། ཉེ་ཆར། ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཆུར་སྲུང་སྐྱོང་གི་དང་བླངས་པའི་ཞབས་ཞུ་བསྒྲུབ་པ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་ངེས་ནས་ཆུ་མཛོད་ཀྱི་དྭངས་ཤིང་གཙང་བའི་ཆུར་སྲུང་སྐྱོང་བྱ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社