分享按钮

རྒྱ་ཆེའི་དགེ་སློབ་ཚོའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱ་ཆེད།

རང་གྲོང་གིས་སྟོན་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་མཉམ་འབྲེལ་ཞིབ་བཤེར་བྱས་པ།

པར་འདི་ནི་ཟླ་8ཚེས་13ཉིན་རང་གྲོང་གིས་སྟོན་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་མཉམ་འབྲེལ་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྟོན་དུས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པ་དང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་དགེ་སློབ་རྣམས་ཀྱི་ཟས་རིཊ་བདེ་འཇཊ་དང་ལུས་སེམས་བདེ་ཐང་ལ་འགན་ལེན་བྱ་ཆེད། ཟླ་8ཚེས་13ཉིན་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭའི་ཟ་ཁང་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཡོད། ཞིབ་བཤེར་ཚོཊ་ཆུང་དང་བཅས་པས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིཊ་ལག་རྩལ་སློབ་གྲྭ་གཉིས་པ་དང་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ཡུལ་དངོས་སུ་བཅར་འདྲི་བྱས་ནས་སློབ་མའི་ཟ་ཁང་དང་ཐབ་ཚང་གི་དོ་དམ་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་ཚོགས་ཆུང་གིས་སློབ་གྲྭ་ཁག་གི་ཟ་ཁང་གིས་ཟས་རིགས་ཉོ་སྐབས་ལག་ཁྱེར་དང་སྤ་སེ་ལེན་པ་དང་། ཚོང་ཟོག་ནང་འདྲེན་ལ་ཞིབ་བཤེར། ལས་ཞུགས་མི་སྣའི་བདེ་ཐང་ལ་དོ་དམ། བཟའ་བཅའི་མ་དཔེ་ཉར་ཚགས་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དང་བཟའ་བཅའ་ཉོ་སྒྲུབ་དང་། གསོག་ཉར། ལས་སྣོན། སྡེབ་སྐྱེལ། བཟའ་བཏུང་ཡོ་བྱད་གཙང་འཁྲུད་དུག་སེལ་སོགས་ཀྱི་ལྷུ་ཚིགས་ལ་གཙོ་གནད་ཐོག་ལྟ་ཞིབ་བྱས་པ་རེད། སློབ་གྲྭས་བཟའ་བཅའི་བདེ་འཇགས་སློབ་སྤྱིའི(ཡོན་ཀྲང)འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པར་སྐུལ་འདེད་བཏང་ནས་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དང་མི་འདང་སར་ཡུལ་དངོས་སུ་མཛུབ་ཁྲིད་བྱེད་པ་དང་འབྲེལ་བཅོས་སྒྲིག་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་།དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཞིབ་བཤེར་ཚོགས་ཆུང་གིས་སློབ་གྲྭ་ཁག་གི་ཟ་ཁང་གིས་ངེས་པར་དུ་བཟའ་བཅའི་བདེ་འཇགས་ཨང་དང་པོར་བཞག་ནས་སློབ་མའི་བཟའ་བཅའི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་པ་དོན་གྲུབ་ཚེ་རིང་གིས་ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པ་ཡིས་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དོདམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ལ་མུ་མཐུད་དོ་ཁུར་བྱེད་པ།འབྲེལ་ཡོད་ལས་གཉེར་པའི་བཟའ་བཅའི་བདེ་འཇགས་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གང་ལེགས་གཏོང་བ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་བཅས་ཀྱི་སྒོ་ནས་རྒྱ་ཆེའི་དགེ་སློབ་ཚོའི་བཟའ་བཅའ་བདེ་འཇགས་ལ་ནུས་ཤུགས་གང་ཡོད་ཀྱིས་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-16 རྒྱ་ཆེའི་དགེ་སློབ་ཚོའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། 6 6 拉萨日报藏文 c186248.html 1 རང་གྲོང་གིས་སྟོན་དུས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་མཉམ་འབྲེལ་ཞིབ་བཤེར་བྱས་པ། /enpproperty-->