分享按钮

(པར་ངོས་དང་པོར་མཐུད)ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གནད་བསྡུས་བྱས་པ། དམིགས་པ་དྲུག་གི་སྒྱུར་བཅོས་ཀྱི་ལས་འགན་བཀོད་སྒྲིག་བྱས་པ། ཕྱོགས་བཞིའི་ཐད་ཀྱི་མིག་སྔའི་ལས་དོན་ལ་ནན་བཤད་གནང་བ་བཅས་ཀྱིས་ང་ཚོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཀྱི་མིག་ལྟོས་བྱེད་ས་གཏན་འཁེལ་བྱས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་འཆར་གཞི་བཀོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལག་ལེན་གྱི་གདོང་མཆོང་དུང་བརྡ་བསྒྲགས་ཡོད།

ཚོགས་འདུའི་ཐོག་ནན་སྟོན་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་ཡུན་རིང་གི་མ་ལག་ལྡན་པའི་ལས་གཞི་ཞིག་ཡིན་པས་ངེས་པར་དུ་རྒྱུན་ཆད་མེད་པར་འབད་བརྩོན་དང་ཡུན་རིང་བྱས་རྗེས་འཇོག་དགོས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་གཞི་གཅིག་ཏུ་སློབ་སྦྱོང་དང་། ཤེས་རྟོགས། ལག་བསྟར་བཅས་བྱས་ཏེ་དེའི་ཁྲོད་ནས་ཐབས་ཤེས་དང་བློ་གྲོས་བསྡུ་ལེན་བྱས་ནས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

སྒྱུར་བཅོས་ཀྱི་བསམ་ཕྱོགས་གནད་ལ་འཁེལ་བར་བྱ་དགོས་ཤིང་། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་མཁས་པོ་དང་། ཕུགས་དང་མིག་སྔ། མ་ལག་དང་གཙོ་གནད། རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་དང་དམངས་འཚོ། གནད་དོན་དང་ཕན་འབྲས་བཅས་ཀྱི་རྩོད་སྒྲུབ་འབྲེལ་བ་ཡང་དག་ཁོང་དུ་ཆུད་པར་བྱས་ཏེ། གདོང་དམག་མདུན་ཡག་པོ་བྱེད་པ་དང་། ལས་ཀའི་རྩ་དོན་ལྔ་མཐའ་འཁྱོངས་བྱེད་པར་དམིགས་ནས་རྩེ་རིམ་ཇུས་འགོད་དང་། མ་ལག་ལྡན་པའི་ཇུས་འགོད། ཕྱོགས་ཡོངས་ནས་བསམ་གཞིག་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་འདོན་དགོས་ངེས་ཀྱི་སྒྱུར་བཅོས་གཅིག་ཀྱང་ཆད་ལུས་མི་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།

སྒྱུར་བཅོས་ཀྱི་བྱེད་ཐབས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་ས་གསར་པའི་དམིགས་ཚད་འདིར་དམིགས་ནས་གཅད་ཁ་ཆུང་བ་ནས་འགོ་འཛུགས་པ་དང་། ནུས་པའི་ཁུལ་གསུམ་ཆེ་རུ་གཏོང་བ་དང་། ལས་རྣམ་རིགས་ལྔའི་འཕེལ་རྒྱས་ཁུལ་ལེགས་སུ་གཏོང་བ། ཐོན་ལས་ཆེན་པོ་དགུ་སྟོབས་ཆེར་གཏོང་བ། བྱ་སྤྱོད་ཆེན་པོ་བཞིར་དམ་འཛིན་ཡག་པོ་བྱེད་པ་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ་འཐབ་ཇུས་ཀྱི་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་བཏོན་ཐོག་སྒྲིག་སྲོལ་དང་ལམ་སྲོལ་གྱི་གཏིང་ཟབ་པའི་འགལ་རྐྱེན་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་སེལ་བར་ཤུགས་སྣོན་རྒྱག་དགོས།

སྒྱུར་བཅོས་ཀྱི་ལས་ཀར་དམ་འཛིན་ཏན་ཏིག་བྱ་དགོས་ཤིང་། སྒྱུར་བཅོས་ལ་ཕྱི་མི་དང་ཟུར་ནས་ལྟ་མཁན་མེད་པའི་བསམ་བློ་བརྟན་པོར་འཛུགས་པ་དང་། སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་གཞི་ཚུགས་སར་ཏན་ཏིག་བརྩིས་ནས་སྒྱུར་བཅོས་ཀྱི་འཐབ་ས་གཙོ་བོར་སྤྱོད་ཚུལ་ལ་ཞིབ་བཤེར་དང་ལས་བྱེད་པར་སྦྱོང་བརྡར་སྤྲོས་རྒྱུར་མཐོང་ཆེན་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་ཆེན་པོ་དང་། དོན་འཁྱོལ་ལ་དམ་འཛིན་མགྱོགས་པོ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི《གཏན་འབེབས》དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་《ལག་བསྟར་བསམ་འཆར》ནང་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་རེ་རེ་བཞིན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-16 6 6 拉萨日报藏文 c186247.html 1 /enpproperty-->