分享按钮

དབྱར་དུས་སྐྱེལ་འདྲེན་བྱེད་རིང་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་52ལྷག་ཙམ་སྐྱེལ་འདྲེན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་14ཉིན། གསར་འགོད་པས་ལྷ་སའི་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར། དབྱར་ཁའི་དུས་སུ་སྐྱེལ་འདྲེན་བྱེད་རིང་འབབ་ཚུགས་དེ་གས་འགྲུལ་པ་མི་ཐེངས་ཁྲི་52.57སྐྱེལ་འདྲེན་བྱས་ཤིང་།ཉིན་རེར་ཆ་སྙོམས་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1.25ཟིན་པ་དང་།ཟླ་8ཚེས་11ཉིན་འགྲུལ་པ་མི་ཐེངས་15856སྐྱེལ་འདྲེན་བྱས་པ་དེ་འདི་ལོའི་ཚུན་གྱི་ཟིན་ཐོ་གསར་པ་བཏོད་པ་རེད།

2024ལོའི་དབྱར་ཁའི་དུས་ཀྱི་སྐྱེལ་འདྲེན་ལས་དོན་ལ་འགན་ལེན་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བའི་དགོས་མཁོ་སྐོང་ཆེད། ལྷ་སའི་མེ་འཁོར་འབབ་ཚུཊ་ཀྱིས་ཚོན་མདོག་སྣ་ལྔའི་ཁ་བཏཊ་ཞེས་པའི་ཞབས་ཞུའི་འདུ་ཤེས་གཞིར་བཟུང་། ལྷ་ཉིང་ལམ་རྒྱུད་ཀྱི་མེ་འཁོར་འབབ་ཚུགས་ཁག་གིས་མེ་འཁོར་འབྱོར་བའི་དུས་ཚོད་དངོས་གཞིར་བཟུང་། སྤ་སེ་འཚོང་བའི་དུས་ཚོད་སྔ་བསྣུར་རམ་ཡང་ན་རིང་དུ་བཏང་ནས་སྤ་སེ་ལེན་པ་དང་། སྤ་སེ་ཉོ་བ། སྤ་སེ་ཕྱིར་སློག་ནས་དུས་ཚོད་བསྒྱུར་བ། ཚོགས་པའི་སྤ་སེ། སློབ་མའི་ཆེད་སྤྱོད་སྒེའུ་ཁུང་སོགས་སྒེའུ་ཁུང་གི་ནུས་པའི་ལས་བགོས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་འགྲུལ་པ་བང་བསྒྲིགས་ནས་སྒུག་པའི་དུས་ཚོད་ཐུང་དུ་བཏང་ཡོད། དེ་དང་ཆབས་ཅིག་འགྲུལ་རྒྱུན་ལ་དབྱེ་ཞིབ་བྱས་པ་གཞིར་བཟུང་། ཚོགས་པ་ཀུང་སིར་ཚོཊ་ཆུང་ལེགས་སྒྲིག་དང་སྐབས་འཕྲལ་འགྲུལ་སྐྱེལ་མེ་འཁོར་མང་དུ་གཏོང་རྒྱུའི་རེ་ཞུ་དུས་ཐོག་ཏུ་ཕུལ་ནས་ལྷ་ས་ནས་ཟི་ལིང་དང་ལྷ་ས་ནས་གཞིས་རྩེ་བར་གྱི་སྐྱེལ་འདྲེན་ནུས་པ་གཙོ་གནད་ཐོག་བཀོད་སྒྲིག་ཡག་པོ་བྱས་པ་དང་འབྲེལ། འགྲུལ་པ་མང་བའི་ལམ་ཐིག་ལ་ལྷ་ཉིང་ཤུགས་འགྲེམས་མེ་འཁོར་བཏང་སྟེ་སྐྱེལ་འདྲེན་གྱི་ནུས་པ་མི་འདང་བའི་གནས་ཚུལ་ཞི་ལྷོད་དུ་བཏང་ཡོད།

འགྲུལ་པ་མང་བའི་སྐབས་སུ་སྒྲིག་ཆས་འཁོར་སྐྱོད་ལེགས་པོ་ཡོང་བར་འགན་ལེན་བྱེད་ཆེད། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་སྐྱེལ་སྤ་སེའི་མ་ལག་དང་འགྲུལ་སྐྱེལ་ཞབས་ཞུའི་སྒྲིག་ཆས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ་འགྲུལ་སྐྱེལ་སྤ་སེའི་མ་ལག་དང་འགྲུལ་སྐྱེལ་ཞབས་ཞུའི་སྒྲིག་ཆས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་དང་འབྲེལ།ཉིན་ལྟར་ཆེད་མི་སྒྲིག་འཛུགས་བྱས་ནས་འགྲུལ་སྐྱེལ་ཞབས་ཞུའི་སྒྲིག་ཆས་ལ་ཞིབ་བཤེར་བྱས་ཏེ་གནད་དོན་ཐོན་ཚེ་དུས་ཐོག་ཏུ་ཐག་གཅོད་བྱས་ནས་འགྲུལ་སྐྱེལ་ཞབས་ཞུའི་སྒྲིག་ཆས་ལ་སྐྱོན་ཤོར་ནས་འགྲུལ་པའི་ཕྱིར་སྐྱོད་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་གང་ཐུབ་བྱས་པར་མ་ཟད། མེ་འཁོར་གྱི་སྐྱེལ་འདྲེན་དཔེ་རིས་ལ་ལེགས་སྒྲིག་དང་ཟུང་འབྲེལ་བྱས་ནས་མེ་འཁོར་འབབ་ཚུགས་ཀྱི་འཛུལ་སྒོ་དང་ཐོན་སྒོའི་གློག་སྒྲོན་སྒྲིག་ཆས་ལེགས་སུ་བཏང་ཡོད། དབྱར་ཁའི་དུས་སུ་སྐྱེལ་འདྲེན་ཕྱི་མའི་དུས་སུ་སླེབས་པ་དང་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་སྔར་བཞིན་འགྲུལ་པ་ཚང་མར་དེ་བས་སྤུས་ལེགས་དང་སྙིང་ཉེ་བའི་ཞབས་ཞུ་བསྒྲུབས་ནས་ལྷ་སའི་མེ་འཁོར་འབབ་ཚུགས་སུ་འགྲུལ་པ་ཚང་མར་ཁྱིམ་གྱི་དྲོ་སྐྱིད་དང་སྐྱིད་སྣང་ཚོར་ཐུབ་པར་བྱ་རྒྱུ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-16 6 6 拉萨日报藏文 c186249.html 1 དབྱར་དུས་སྐྱེལ་འདྲེན་བྱེད་རིང་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་52ལྷག་ཙམ་སྐྱེལ་འདྲེན་བྱས་པ། /enpproperty-->