分享按钮

རྔ་ཆེན་མཚན་མོའི་ཁྲོམ་རའི་ལས་གཉེར་འགོ་ཚུགས་ཏེ་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་པ།

(པར་ངོས་དང་པོར་མཐུད)ས་འོག་གི་རླངས་འཁོར་འཇོག་ས་1100ལྷག་ཙམ་བཟོས་ཡོད། དེ་ནི་གཅིག་འཐུས་རྣམ་པའི་དེང་རབས་ཅན་གྱི་སྡེབ་ཚོང་ཚོང་དོན་གྲོང་ཆེ་གྲས་ཤིག་ཡིན་པ་དང་། འབྱུང་འགྱུར་ལྷ་སའི་གྲོང་ཤར་རྒྱུད་ཀྱི་ལས་རིཊ་ཡོངས་དང་རིགས་ཡོངས་ཀྱི་གཅིག་སྡུད་ཉོ་སྒྲུབ་རྟེན་གཞི་ཐོག་མར་བསྐྲུན་ནས་མི་2000ལས་ཞུགས་ཐུབ་རྒྱུ་རེད། ད་ཐེངས་རྔ་ཆེན་མཚན་མོའི་ཁྲོམ་རའི་ལས་གཉེར་འགོ་ཚུགས་པ་དེས་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་རོལ་རྩེད་ཀྱི་འཚོ་བ་ཕུན་སུམ་ཚོཊ་སུ་བཏང་བར་མ་ཟད། མང་ཚོགས་ཀྱི་རང་གཤིས་ཅན་དང་། རིམ་པ་མང་བ། སྤུས་ཚད་ཅན་བཅས་ཀྱི་མཚན་མོའི་འཛད་སྤྱོད་ཀྱི་དགོས་མཁོར་ཡང་སྐུལ་མ་ཐེབས་ཡོད། མཚན་མོའི་ཁྲོམ་རས་མི་རིགས་ཁག་གི་མང་ཚོཊ་ལ་བཟའ་བཏུང་དང་། འདུག་ས། འགྲིམ་འགྲུལ། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། མཚན་མོའི་ཁྲོམ་རའི་བཀོད་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ཚོང་པས་ཚད་ལྡན་ངང་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ནས་གྲོང་མིའི་བཟའ་བཏུང་ཐད་བློ་བདེ་བག་ཕེབས་ཡོང་བར་བྱས་ཏེ། འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་དེ་བས་མཐོ་བ་དང་། དེ་བས་གཏིང་ཟབ་པ། དེ་བས་བརྩེ་བ་ཡོད་པ། དེ་བས་ཁྱད་ཆོས་ལྡན་པ་བཅས་ཀྱི་ལྷ་སའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ་རེད། རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་དོན་གྲོང་གི་གཉེར་སྐྱོང་སྤྱི་ཁྱབ་ལྟ་ཞིབ་པ་ལི་ཧྥེང་གིས་ཚོང་དོན་གྲོང་དེ་ད་ལོའི་ཟླ་5ཚེས་25ཉིན་ཚོད་ལྟའི་ངང་གཉེར་སྐྱོང་བྱས་པ་ཡིན།མཚན་མོའི་དཔལ་འབྱོར་གྱི་འཛད་སྤྱོད་ལས་རིགས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་དཔལ་འབྱོར་ལ་གསོན་ཤུགས་གསར་པ་འཕེལ་བའི་ཆེད་དུ།ང་ཚོས་ཆེད་ལས་ཀྱི་དོ་དམ་ཚོགས་པ་གདན་དྲངས་ནས་རྒྱལ་ཡོངས་ས་གནས་ཁག་གི་ཞིམ་ཟས་དང་། ཞོར་ཟས། རོལ་རྩེད་རྣམ་གྲངས་སོགས་བསྡུ་སྒྲིལ་བྱས་ཏེ། ཞིམ་ཟས་ཆ་ཚང་བ་དང་སྣ་ཁ་ཕུན་སུམ་ཚོགས་པའི་རྔ་ཆེན་མཚན་མོའི་ཁྲོམ་ར་བསྐྲུན་ཡོད། ཚང་མ་རྔ་ཆེན་མཚན་མོའི་ཁྲོམ་རར་ཡུལ་སྐོར་དང་ས་གནས་ཁག་གི་ཞིམ་ཟས་ཀྱི་བྲོ་བ་མྱོང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-15 6 6 拉萨日报藏文 c186156.html 1 རྔ་ཆེན་མཚན་མོའི་ཁྲོམ་རའི་ལས་གཉེར་འགོ་ཚུགས་ཏེ་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་པ། /enpproperty-->